ཡལ་འདུག

ཀོང་མེ་བཙའ།༼ཅོ་ནེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-05

 

སྤང་ཐང་ཡང་བོའི་རྩྭ་ལོའི་ཁུག་ནས།།
སྦྲ་་ནག་གྲུ་བཞིའི་ཆོན་ཐག་ཆད་ནས།།
རྫ་ཡམ་སྐྱ་བོའི་ཁང་གསར་མཛེས་ཀྱང།།
འབྲོག་ཁྱིམ་སྨུག་པོའི་བྲོ་བ་ཡལ་འདུག།
 
ཀྱག་ཀྱོག་རྐང་ལམ་ཕྲ་མོའི་ནང་ནས།།
ཅང་ཤེས་རྟ་ཕོའི་བང་ཁ་ཡལ་ཏེ།།
འཕྲུལ་རྟ་སྐྱི་སེར་རླུང་ལ་འགྲན་ཀྱང་།།
དམར་པོའི་སྲོག་གི་བསུ་མ་ཡིན་འདུག།
 
བདུད་རྩི་སྨན་གྱི་སྙིང་ཁུ་བཞེས་བའི།།
ཐུལ་དཀར་འབྲི་མོ་རྒོད་ལ་ཤོར་ནས།།
ཤོག་ཐུམ་འོ་མའི་ཚོང་ཁ་ཡག་ཀྱང་།།
ནད་རིགས་སྟོང་གི་གཡབ་མོ་ཡིན་འདུག།
 
དབུ་སྐྱེས་ནགས་ཚལ་སྟུག་པོའི་ནང་དུ།།
སྟ་རེ་སོ་ལེ་འདུར་རྒྱུག་མང་བས།།
རླུང་ནག་འཚུབ་མའི་རྡུལ་ཆེན་འཕྱུར་ཏེ།།
བདེ་སྐྱིད་འཚོ་བའི་མངར་ཁ་ཡལ་འདུག།
 
ས་འཛིན་དགའ་མའི་མངལ་ཁ་ཕྱེ་སྟེ།།
གཏེར་ཁའི་གཅེས་ཕྲུག་ཕྱུང་རྒྱུ་མང་བས།།
འདར་འགུལ་བང་ནད་གཅོང་གིས་མནར་ཏེ།།
དམར་པོའི་སྲོག་གི་འཚོ་རྟེན་ཡལ་འདུག།
 
བུན་ཁྲན་སྐྱེ་རྒུ་ཉི་མར་བསྐམས་ཐལ།།
འབྲུག་དཀར་གཙང་པོས་ལྕེ་ཞགས་འཕང་ཐལ།།
ཞི་བདེ་རྒྱ་མཚོས་ཁྱུར་མིད་བྱས་ཐལ།།
ཡལ་བ་ཁོ་ནས་སྙིང་རྩ་འདར་རོ།།     
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡལ་འདུག

2011-05-05 ཀོང་མེ་བཙའ།༼ཅོ་ནེ༽ ཀློག་གྲངས། མཆན ཡོད།

 

སྤང་ཐང་ཡང་བོའི་རྩྭ་ལོའི་ཁུག་ནས།།
སྦྲ་་ནག་གྲུ་བཞིའི་ཆོན་ཐག་ཆད་ནས།།
རྫ་ཡམ་སྐྱ་བོའི་ཁང་གསར་མཛེས་ཀྱང།།
འབྲོག་ཁྱིམ་སྨུག་པོའི་བྲོ་བ་ཡལ་འདུག།
 
ཀྱག་ཀྱོག་རྐང་ལམ་ཕྲ་མོའི་ནང་ནས།།
ཅང་ཤེས་རྟ་ཕོའི་བང་ཁ་ཡལ་ཏེ།།
འཕྲུལ་རྟ་སྐྱི་སེར་རླུང་ལ་འགྲན་ཀྱང་།།
དམར་པོའི་སྲོག་གི་བསུ་མ་ཡིན་འདུག།
 
བདུད་རྩི་སྨན་གྱི་སྙིང་ཁུ་བཞེས་བའི།།
ཐུལ་དཀར་འབྲི་མོ་རྒོད་ལ་ཤོར་ནས།།
ཤོག་ཐུམ་འོ་མའི་ཚོང་ཁ་ཡག་ཀྱང་།།
ནད་རིགས་སྟོང་གི་གཡབ་མོ་ཡིན་འདུག།
 
དབུ་སྐྱེས་ནགས་ཚལ་སྟུག་པོའི་ནང་དུ།།
སྟ་རེ་སོ་ལེ་འདུར་རྒྱུག་མང་བས།།
རླུང་ནག་འཚུབ་མའི་རྡུལ་ཆེན་འཕྱུར་ཏེ།།
བདེ་སྐྱིད་འཚོ་བའི་མངར་ཁ་ཡལ་འདུག།
 
ས་འཛིན་དགའ་མའི་མངལ་ཁ་ཕྱེ་སྟེ།།
གཏེར་ཁའི་གཅེས་ཕྲུག་ཕྱུང་རྒྱུ་མང་བས།།
འདར་འགུལ་བང་ནད་གཅོང་གིས་མནར་ཏེ།།
དམར་པོའི་སྲོག་གི་འཚོ་རྟེན་ཡལ་འདུག།
 
བུན་ཁྲན་སྐྱེ་རྒུ་ཉི་མར་བསྐམས་ཐལ།།
འབྲུག་དཀར་གཙང་པོས་ལྕེ་ཞགས་འཕང་ཐལ།།
ཞི་བདེ་རྒྱ་མཚོས་ཁྱུར་མིད་བྱས་ཐལ།།
ཡལ་བ་ཁོ་ནས་སྙིང་རྩ་འདར་རོ།།     
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།