འདར་འགུལ།

 

མཚན་མོ་ཞིག་ལ་ངའི་བྲང་ཁ་ནས་སྤུ་ནག་ཚམ་ཚོམ་སྐྱེས་བྱུང
རྩིག་པས་བརྒྱབ་པ་བཞིན་སྲ་ཞིང་འཐས་པའི་མཚན་མོ་འདིའི་གློ་སྙིང་ག་པར་ཡོད་དམ
གང་སར་འཁྱར་བའི་འབུ་སྲིན་དག་ཀྱང་སུ་ཞིག་གིས་ཁྱུར་མིད་ཟོས་སམ
མུན་ནག་གི་ནང་ལ་ཚིག་རྫོབ་གང་ཞིག་ཁ་ལུད་བཞིན་འཕེན་རྩིས་ཀྱི་སྒང་ལ
གྲེ་བ་འགུལ་ཙམ་གྱིས་ལྕེ་རྩ་རེངས་པར་གྱུར
དེ་ནི་ཆེས་མཇུག་མཐའི་མཚན་མོ་ཞིག  དེ་ནི་ཆེས་ཐོག་མའི་མཚན་མོ་ཞིག
དཔེ་དེབ་ཀྱི་རི་ཀླུང་ངོས་ན་མུན་ནག་གི་ཁ་བ་ཉིལ
ཐ་ན་ཕྱིར་ལོག་པའི་ལམ་བུ་ཙམ་ཡང་རྙེད་ཐབས་བྲལ་བའི་དེ་རིང
བརྗེད་འོས་པ་དེ་ནི་མུ་མཐའ་བྲལ་བའི་ནམ་མཁའ་ལས་གཞན་ཅི
ཡིན་ཡང                  ཡིན་ཡང
 
                        2009.5.2
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདར་འགུལ།

2011-05-02 ཁྲོ་ཐུང་།༼ལྷ་ས༽ ཀློག་གྲངས། མཆན ཡོད།

 

མཚན་མོ་ཞིག་ལ་ངའི་བྲང་ཁ་ནས་སྤུ་ནག་ཚམ་ཚོམ་སྐྱེས་བྱུང
རྩིག་པས་བརྒྱབ་པ་བཞིན་སྲ་ཞིང་འཐས་པའི་མཚན་མོ་འདིའི་གློ་སྙིང་ག་པར་ཡོད་དམ
གང་སར་འཁྱར་བའི་འབུ་སྲིན་དག་ཀྱང་སུ་ཞིག་གིས་ཁྱུར་མིད་ཟོས་སམ
མུན་ནག་གི་ནང་ལ་ཚིག་རྫོབ་གང་ཞིག་ཁ་ལུད་བཞིན་འཕེན་རྩིས་ཀྱི་སྒང་ལ
གྲེ་བ་འགུལ་ཙམ་གྱིས་ལྕེ་རྩ་རེངས་པར་གྱུར
དེ་ནི་ཆེས་མཇུག་མཐའི་མཚན་མོ་ཞིག  དེ་ནི་ཆེས་ཐོག་མའི་མཚན་མོ་ཞིག
དཔེ་དེབ་ཀྱི་རི་ཀླུང་ངོས་ན་མུན་ནག་གི་ཁ་བ་ཉིལ
ཐ་ན་ཕྱིར་ལོག་པའི་ལམ་བུ་ཙམ་ཡང་རྙེད་ཐབས་བྲལ་བའི་དེ་རིང
བརྗེད་འོས་པ་དེ་ནི་མུ་མཐའ་བྲལ་བའི་ནམ་མཁའ་ལས་གཞན་ཅི
ཡིན་ཡང                  ཡིན་ཡང
 
                        2009.5.2
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།