སྐྱི་ལྤགས་ཀྱི་ཚོན་རྩི།

 

དཀོན་མཆོག་གི་གདོང་ལ་སྔོ་དྲེགས་དང་འཇག་མས་ཁེབས་ནས་ང་ཚོས་རང་གི་མིག་ཟུང་དག་ཀྱང་མཐོང་ཐབས་བྲལ
རང་ཉིད་ནི་བར་སྣང་ནས་གས་པའི་ཤོག་སྦག་ཅིག་ལྟར་ངོས་རེ་རེ་དང་ཆ་ཤས་རེ་རེ་དང་རྡུལ་ཕྲན་རེ་རེ་བཞིན་ཐོར་ཞིག་ཏུ་འགྲོ་བ་མཐོང
སྐྱི་ལྤགས་ཀྱི་ཚོན་རྩི་དག་བྱིལ་ནས་རྫ་མདོག་གི་རང་མདངས་མངོན་པའི་འདུས་མ་ བྱས་ཀྱི་མཚན་མོ་དེར
ང་རང་གཉིས་འབུ་སྲིན་ཞིག་དང་འདྲ་བར་མལ་ཁྲི་ཆེན་པོ་དེའི་སྒང་ལ་འཁྱུད་འདུག
ཁྲག་དང་མིག་ཆུ་དང་རླངས་སྣུམ་གང་རུང་གིས་གྲུབ་པའི་བདག་གི་ཐིག་ལེ་ཁྱོད་ཀྱི་གདོང་ལ་གཏོར་ཏེ
འུ་ཐུག་གམ་ངལ་དུབ་ཀྱིས་ཁྱོད་ཀྱི་གདོང་ལ་གཏོར་ཏེ
ཆེས་གཏིང་རིང་བའི་མུན་ནག་གི་ཁུང་བུ་ཞིག་གི་ནང་དུ་བདག་གི་ཕོ་མཚན་ནམ 
ཡན་ལག་གམ  ལུས་ཀྱི་ཕྱེད་ཀ་བཤུད་ཀྱིན་ཡོད
མེ་འཁོར་ཞིག་དང་འདྲ་བར་དུད་ནག་འཕྱུར་བཞིན་ནང་དུ་བཤུད་ཀྱིན་ཡོད
ཁྱོད་ཀྱིས་འོ་དོད་དང་ངུ་བཤུམ་དང་ཆགས་གཏམ་གང་ཡང་མ་སྨྲ་ཞིག
ཁྱོད་རང་བོང་བུ་ཤི་རོ་ཞིག་དང་འདྲ་བར་བླུན་རྨོངས་དང་ནད་ཅན་གྱིས་དོ་དགུང་དང་གཟའ་རྗེས་མ་དང་ཚེ་འདི་དང་ཕྱི་མ་དང་དུས་གཏན་དུ་བདག་གི་བརླ་བར་  ནས་ཐར་ཐབས་བྲལ་བའི་བཙོན་མ་ཞིག་ལྟར་སྡོད་ཅིག
དེ་ལྟ་བཞིན་ཤི་ཞིག   ཤི་ནས་ཀྱང་བདག་གི་བརླ་བར་ནས་མེ་ཏོག་ཅིག་ཏུ་སྐྱེས་ཤིག
ང་རང་གཉིས་ཀྱི་མལ་ཁྲིའི་སྒང་ལ་དུས་ཡུན་ཡོལ་བའི་སྦྲུམ་འགོག་ཤུབས་དངཁྱོད་ཀྱི་བརླན་དྲི་འཐུལ་བའི་ནང་གོས་དང་ཡིག་ནོར་གྱིསཟོས་བའི་དཔེ་དེབ་དག་གིས་ཁེངས་ཏེ
ང་རང་གཉིས་འབུ་སྲིན་ཞིག་དང་འདྲ་བར་མལ་ཁྲི་ཆེན་པོ་དེའི་སྒང་ལ་བག་མེད་དུ་བཟི་ཞིང་ར་བཟི་བར་གྱུར
                                                     
                                                  2006.05.03 གནའ་མཁར་ཟི་ལིང་།            

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱི་ལྤགས་ཀྱི་ཚོན་རྩི།

2011-04-30 ཁྲོ་ཐུང་།༼ལྷ་ས༽ ཀློག་གྲངས། མཆན ཡོད།

 

དཀོན་མཆོག་གི་གདོང་ལ་སྔོ་དྲེགས་དང་འཇག་མས་ཁེབས་ནས་ང་ཚོས་རང་གི་མིག་ཟུང་དག་ཀྱང་མཐོང་ཐབས་བྲལ
རང་ཉིད་ནི་བར་སྣང་ནས་གས་པའི་ཤོག་སྦག་ཅིག་ལྟར་ངོས་རེ་རེ་དང་ཆ་ཤས་རེ་རེ་དང་རྡུལ་ཕྲན་རེ་རེ་བཞིན་ཐོར་ཞིག་ཏུ་འགྲོ་བ་མཐོང
སྐྱི་ལྤགས་ཀྱི་ཚོན་རྩི་དག་བྱིལ་ནས་རྫ་མདོག་གི་རང་མདངས་མངོན་པའི་འདུས་མ་ བྱས་ཀྱི་མཚན་མོ་དེར
ང་རང་གཉིས་འབུ་སྲིན་ཞིག་དང་འདྲ་བར་མལ་ཁྲི་ཆེན་པོ་དེའི་སྒང་ལ་འཁྱུད་འདུག
ཁྲག་དང་མིག་ཆུ་དང་རླངས་སྣུམ་གང་རུང་གིས་གྲུབ་པའི་བདག་གི་ཐིག་ལེ་ཁྱོད་ཀྱི་གདོང་ལ་གཏོར་ཏེ
འུ་ཐུག་གམ་ངལ་དུབ་ཀྱིས་ཁྱོད་ཀྱི་གདོང་ལ་གཏོར་ཏེ
ཆེས་གཏིང་རིང་བའི་མུན་ནག་གི་ཁུང་བུ་ཞིག་གི་ནང་དུ་བདག་གི་ཕོ་མཚན་ནམ 
ཡན་ལག་གམ  ལུས་ཀྱི་ཕྱེད་ཀ་བཤུད་ཀྱིན་ཡོད
མེ་འཁོར་ཞིག་དང་འདྲ་བར་དུད་ནག་འཕྱུར་བཞིན་ནང་དུ་བཤུད་ཀྱིན་ཡོད
ཁྱོད་ཀྱིས་འོ་དོད་དང་ངུ་བཤུམ་དང་ཆགས་གཏམ་གང་ཡང་མ་སྨྲ་ཞིག
ཁྱོད་རང་བོང་བུ་ཤི་རོ་ཞིག་དང་འདྲ་བར་བླུན་རྨོངས་དང་ནད་ཅན་གྱིས་དོ་དགུང་དང་གཟའ་རྗེས་མ་དང་ཚེ་འདི་དང་ཕྱི་མ་དང་དུས་གཏན་དུ་བདག་གི་བརླ་བར་  ནས་ཐར་ཐབས་བྲལ་བའི་བཙོན་མ་ཞིག་ལྟར་སྡོད་ཅིག
དེ་ལྟ་བཞིན་ཤི་ཞིག   ཤི་ནས་ཀྱང་བདག་གི་བརླ་བར་ནས་མེ་ཏོག་ཅིག་ཏུ་སྐྱེས་ཤིག
ང་རང་གཉིས་ཀྱི་མལ་ཁྲིའི་སྒང་ལ་དུས་ཡུན་ཡོལ་བའི་སྦྲུམ་འགོག་ཤུབས་དངཁྱོད་ཀྱི་བརླན་དྲི་འཐུལ་བའི་ནང་གོས་དང་ཡིག་ནོར་གྱིསཟོས་བའི་དཔེ་དེབ་དག་གིས་ཁེངས་ཏེ
ང་རང་གཉིས་འབུ་སྲིན་ཞིག་དང་འདྲ་བར་མལ་ཁྲི་ཆེན་པོ་དེའི་སྒང་ལ་བག་མེད་དུ་བཟི་ཞིང་ར་བཟི་བར་གྱུར
                                                     
                                                  2006.05.03 གནའ་མཁར་ཟི་ལིང་།            

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།