དྲན་པའི་ཀ་ཕྲེང་གི་དུང་བ།


ཀ་བ་གདུང་ལྕམ་མེད་པའི་ཁང་བཟང་གི་ནང་དུ།།
ཁ་ཁུ་སུམ་མེར་ཆེད་ལས་རིག་ཚན་ལ་ཞུགས་དུས།།
ག་ནས་འོང་བ་མ་ཤེས་ཁོ་མོ་ཡི་མཛེས་སྡུག།
ང་ཡི་སེམས་སུ་ཝ་ལེར་ཝ་ལེར་ངང་འཆར་བྱུང་།།
ཅ་ཅོ་འུར་ཟིང་དབེན་པའི་སློབ་ཁང་གི་གྲུ་གར།།
ཆ་རྒྱུས་ཡོད་ཀྱང་མེད་པའི་དཔེ་དེབ་ལ་ཅེར་དུས།།
ཇ་ལོ་ལྟར་གཡེང་ཁོ་མོའི་མཛེས་སྡུག་གི་བཞིན་རས།།
ཉ་མོ་ཆུ་ལ་ཞུགས་བཞིན་རང་ཤུགས་ཀྱིས་དྲན་འོང་།།
ཏ་རིན་འབྱོར་ལྡན་དུས་རྒྱུན་རོལ་རྒྱུ་ལ་དགའ་བ།།
ཐ་མ་ཁ་དང་མཚུངས་བའི་གཟུགས་མཛེས་མའི་འཁྲུག་སྦྱོར།།
ད་ནི་ཁོ་བོའི་དྲན་པར་རང་ཤུགས་ཀྱིས་འཁོར་བ།།
ན་ཆུང་ཁོ་མོའི་རང་བྱུང་མཛེས་སྡུག་དེ་ཡིན་སོང་།།
པ་ཏྲའི་རི་མོར་བཀོད་འདྲའི་འུ་གཉིས་ཀྱི་བརྩེ་དུངས།།
ཕ་ས་གང་དུ་ཕྱིན་ཡང་འགྱུར་བ་ནི་མེད་པས།།
བ་དྲུས་མས་ཀྱང་དུས་རྒྱུན་དོ་ཟླ་རུ་བྲལ་བ།།
མ་གདན་མཐུག་པའི་འུ་གཉིས་བརྩེ་དུང་གི་བཞུར་རྒྱུན།།
ཙ་གེ་ཙིག་གེའི་ཁ་རྩོད་སུ་ལའང་ཡོད་ལ།།
ཚ་གེ་ཚེག་གེའི་ལས་རྒྱུ་སུ་ལའང་ཡོད་ངེས།།
ཛ་ཡིག་ཀློག་བཞིན་མཛའ་མོའི་བཞིན་རས་དེ་གླེང་མཁན།།
ཝ་དཀར་ཡུལ་གྱི་སྨྱོན་པ་འབའ་ཚེ་ནི་ཡིན་སོང་།།
ཞྭ་མོ་ས་རུ་བཞག་སྟེ་ཞིབ་འདང་ཞིག་རྒྱབ་ན།།
ཟ་མ་ཟ་བའི་སྐབས་སུ་དྲན་གཞུང་དུ་འཁོར་བ།།
འ་ལེ་འོ་ལེ་ཁོ་མོའི་བཞིན་རས་ལས་ལྷག་པ།།
ཡ་ཆུང་སེམས་སུ་འཆར་རྒྱུ་ཅི་ཡང་ནི་མི་འདུག།
ར་མགོ་ལུག་གཟུགས་སྦྱོར་བའི་དེ་རིང་དུས་ལ།།
ལ་ལས་རྒྱུ་ནོར་མིང་གྲགས་ཁོ་ན་ནི་སེམས་མོད།།
ཤ་རེ་ཤོ་རེས་འཚོས་བའི་བུ་ཆུང་ངས་སེམས་པ།།
ས་ཕྱོགས་མང་རྫོང་ཡུལ་གྱི་ཁོ་མོ་ལས་སུ་ཞིག།
ཧ་ལེ་ཧོ་ལེ་བརྩེ་བའི་དུང་བ་ཡིས་གཟིར་བས།།
ཨ་ཨ་ཟེར་ཞོར་ངག་ལས་འདི་སྐད་དུ་ཤོར་རོ།།
ཧ་ཧ་ཧོ་ཧོའི་སྒོ་ནས་ཀ་རྩོམ་འདི་ཀློག་ཞོར།།
ཨ་ཧ་ཧོ་ཧོ་ཟེར་བཞིན་འཕྱ་སྨོད་ནི་མ་བྱེད།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་པའི་ཀ་ཕྲེང་གི་དུང་བ།

2011-04-30 འབའ་ཚེ་སྨྱོན། ཀློག་གྲངས། མཆན ཡོད།


ཀ་བ་གདུང་ལྕམ་མེད་པའི་ཁང་བཟང་གི་ནང་དུ།།
ཁ་ཁུ་སུམ་མེར་ཆེད་ལས་རིག་ཚན་ལ་ཞུགས་དུས།།
ག་ནས་འོང་བ་མ་ཤེས་ཁོ་མོ་ཡི་མཛེས་སྡུག།
ང་ཡི་སེམས་སུ་ཝ་ལེར་ཝ་ལེར་ངང་འཆར་བྱུང་།།
ཅ་ཅོ་འུར་ཟིང་དབེན་པའི་སློབ་ཁང་གི་གྲུ་གར།།
ཆ་རྒྱུས་ཡོད་ཀྱང་མེད་པའི་དཔེ་དེབ་ལ་ཅེར་དུས།།
ཇ་ལོ་ལྟར་གཡེང་ཁོ་མོའི་མཛེས་སྡུག་གི་བཞིན་རས།།
ཉ་མོ་ཆུ་ལ་ཞུགས་བཞིན་རང་ཤུགས་ཀྱིས་དྲན་འོང་།།
ཏ་རིན་འབྱོར་ལྡན་དུས་རྒྱུན་རོལ་རྒྱུ་ལ་དགའ་བ།།
ཐ་མ་ཁ་དང་མཚུངས་བའི་གཟུགས་མཛེས་མའི་འཁྲུག་སྦྱོར།།
ད་ནི་ཁོ་བོའི་དྲན་པར་རང་ཤུགས་ཀྱིས་འཁོར་བ།།
ན་ཆུང་ཁོ་མོའི་རང་བྱུང་མཛེས་སྡུག་དེ་ཡིན་སོང་།།
པ་ཏྲའི་རི་མོར་བཀོད་འདྲའི་འུ་གཉིས་ཀྱི་བརྩེ་དུངས།།
ཕ་ས་གང་དུ་ཕྱིན་ཡང་འགྱུར་བ་ནི་མེད་པས།།
བ་དྲུས་མས་ཀྱང་དུས་རྒྱུན་དོ་ཟླ་རུ་བྲལ་བ།།
མ་གདན་མཐུག་པའི་འུ་གཉིས་བརྩེ་དུང་གི་བཞུར་རྒྱུན།།
ཙ་གེ་ཙིག་གེའི་ཁ་རྩོད་སུ་ལའང་ཡོད་ལ།།
ཚ་གེ་ཚེག་གེའི་ལས་རྒྱུ་སུ་ལའང་ཡོད་ངེས།།
ཛ་ཡིག་ཀློག་བཞིན་མཛའ་མོའི་བཞིན་རས་དེ་གླེང་མཁན།།
ཝ་དཀར་ཡུལ་གྱི་སྨྱོན་པ་འབའ་ཚེ་ནི་ཡིན་སོང་།།
ཞྭ་མོ་ས་རུ་བཞག་སྟེ་ཞིབ་འདང་ཞིག་རྒྱབ་ན།།
ཟ་མ་ཟ་བའི་སྐབས་སུ་དྲན་གཞུང་དུ་འཁོར་བ།།
འ་ལེ་འོ་ལེ་ཁོ་མོའི་བཞིན་རས་ལས་ལྷག་པ།།
ཡ་ཆུང་སེམས་སུ་འཆར་རྒྱུ་ཅི་ཡང་ནི་མི་འདུག།
ར་མགོ་ལུག་གཟུགས་སྦྱོར་བའི་དེ་རིང་དུས་ལ།།
ལ་ལས་རྒྱུ་ནོར་མིང་གྲགས་ཁོ་ན་ནི་སེམས་མོད།།
ཤ་རེ་ཤོ་རེས་འཚོས་བའི་བུ་ཆུང་ངས་སེམས་པ།།
ས་ཕྱོགས་མང་རྫོང་ཡུལ་གྱི་ཁོ་མོ་ལས་སུ་ཞིག།
ཧ་ལེ་ཧོ་ལེ་བརྩེ་བའི་དུང་བ་ཡིས་གཟིར་བས།།
ཨ་ཨ་ཟེར་ཞོར་ངག་ལས་འདི་སྐད་དུ་ཤོར་རོ།།
ཧ་ཧ་ཧོ་ཧོའི་སྒོ་ནས་ཀ་རྩོམ་འདི་ཀློག་ཞོར།།
ཨ་ཧ་ཧོ་ཧོ་ཟེར་བཞིན་འཕྱ་སྨོད་ནི་མ་བྱེད།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།