རྨི་ལམ་ཞིང་གི་དོགས་སྣང་།

འབའ་གངས་སྲས།༼ཟི་ཁྲོན༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-04-29

 

ཇོ་མོ་གླང་མའི་རྒས་ཐག་ཐལ་དྲགས་པས།།
གཱང་གའི་རྣ་ལོང་ཡ་གཅིག་མེ་ལ་བསྲེགས།།
ཕྲེང་རྡོག་སྟོང་གི་པ་ཏྲ་བྲིས་ཀྱང་རུང་།།
སླར་ལྡོག་ལྡན་པའི་ཐེལ་ཚེ་རྒྱང་དུ་འཕངས།།
 
གཟུགས་མཐོང་ཚད་མའི་བྲག་ཕུག་བྱང་དུ་གཏད།།
སྟབས་ཅིག་གཉུག་མའི་ཕད་བུ་གསེག་སྟེ་ཐེད།།
ངུར་སྨྲིག་གོས་ཀྱི་བྱ་སྒྲོ་ཆུ་ལ་སྦངས།།
ལྕུག་ཕྲན་ཚིག་གི་ནུ་མར་བ་ཚ་ཆགས།།
 
བསྟིང་ཚིག་མཐེའུ་ཆུང་ས་ལ་སྦྱར་ཡང་རུང་།།
གཏན་ཚུགས་མཐེ་བོང་བསྡམས་ནས་ཉར་ཡང་རུང་།།
སྲོང་བཙན་སྒམ་པོས་མིག་ཆུ་འབྱིན་པས་ན།།
རྨི་ལམ་ཡིན་ཡང་དམུས་ལོང་མིན་པ་འདྲ།།
 
བསམ་བློའི་རོ་མྱགས་དྲི་མས་ཡོངས་སུ་སྦགས།།
གཙུག་ལག་སྟོང་བའི་འཇའ་བརྡེག་རུལ་ནས་ཆག།
སྣུམ་འཁུར་ཐལ་བར་བརྫིས་ཏེ་འགེམ་པ་ཡང་།།
མངའ་བརྙེས་སྟོང་བའི་ཕྱག་བརྙན་དག་དང་བརྙེན།།
 
བྱག་མཁན་གར་ལ་འཇུག་པའི་སྟངས་སྟབས་ཀྱིས།།
མཁའ་ལ་འཛེག་སྐས་འཐེན་པའི་སྟ་གོན་བྱུང་།།
དུས་ཀྱི་ལོ་མ་ཆུད་འཛའི་ལས་སུ་འཇུག།
སྒྱུ་མའི་དཔྱང་ཐག་ཆུ་བོའི་འགྲོས་དང་སྒྲུན།།
 
ལྕང་ལོའི་མེ་ཏོག་ལྷན་མེར་བཀྲ་བའི་སྟེང་།།
རྒུམ་འབྲུམ་དམར་པོ་ཆང་གི་མགྲོན་དུ་འབོད།།
རྒྱུ་འབྲས་རྒྱ་མའི་བསླུ་བྲིད་མིག་དུ་འབྱར།།
གློ་རྡེག་དབྱིག་མང་རྒྱས་པའི་རྟགས་མཚན་མངོན།།
 
གཟུ་ལུམས་དོན་གྱི་ཐུ་བོ་བྲན་དུ་བསུ།།
མཁྲེགས་པོ་ཕག་གི་གོ་གྱོང་ཆང་དུ་བསྙལ།།
གཉའ་ལྟག་ལྕགས་ཀྱི་ཐག་པས་དམ་དུ་བཅིངས།།
ལུས་ཀྱི་ཤ་ཁྲག་དུག་གི་ཚེར་མས་གཙབས།།
 
བཀྲེས་ལྟོགས་ཝུ་བའི་སྨྲེ་སྔགས་འབྲུག་དུ་ལྡིར།།
སྐོམ་སེལ་ཆང་གི་ཆར་བ་དྲག་ཏུ་འབབ།།
ཆུ་ཚོད་འཁོར་ལོའི་སྨྱུག་སྣེ་ལྡོག་དུ་བཞུར།།
སྣང་བྱེད་ཉི་མའི་ཟེར་ཡང་ནུབ་ནས་འཛུམ།།
               ༢༠༡༡ .༣. ༥

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་ཞིང་གི་དོགས་སྣང་།

2011-04-29 འབའ་གངས་སྲས།༼ཟི་ཁྲོན༽ ཀློག་གྲངས། མཆན ཡོད།

 

ཇོ་མོ་གླང་མའི་རྒས་ཐག་ཐལ་དྲགས་པས།།
གཱང་གའི་རྣ་ལོང་ཡ་གཅིག་མེ་ལ་བསྲེགས།།
ཕྲེང་རྡོག་སྟོང་གི་པ་ཏྲ་བྲིས་ཀྱང་རུང་།།
སླར་ལྡོག་ལྡན་པའི་ཐེལ་ཚེ་རྒྱང་དུ་འཕངས།།
 
གཟུགས་མཐོང་ཚད་མའི་བྲག་ཕུག་བྱང་དུ་གཏད།།
སྟབས་ཅིག་གཉུག་མའི་ཕད་བུ་གསེག་སྟེ་ཐེད།།
ངུར་སྨྲིག་གོས་ཀྱི་བྱ་སྒྲོ་ཆུ་ལ་སྦངས།།
ལྕུག་ཕྲན་ཚིག་གི་ནུ་མར་བ་ཚ་ཆགས།།
 
བསྟིང་ཚིག་མཐེའུ་ཆུང་ས་ལ་སྦྱར་ཡང་རུང་།།
གཏན་ཚུགས་མཐེ་བོང་བསྡམས་ནས་ཉར་ཡང་རུང་།།
སྲོང་བཙན་སྒམ་པོས་མིག་ཆུ་འབྱིན་པས་ན།།
རྨི་ལམ་ཡིན་ཡང་དམུས་ལོང་མིན་པ་འདྲ།།
 
བསམ་བློའི་རོ་མྱགས་དྲི་མས་ཡོངས་སུ་སྦགས།།
གཙུག་ལག་སྟོང་བའི་འཇའ་བརྡེག་རུལ་ནས་ཆག།
སྣུམ་འཁུར་ཐལ་བར་བརྫིས་ཏེ་འགེམ་པ་ཡང་།།
མངའ་བརྙེས་སྟོང་བའི་ཕྱག་བརྙན་དག་དང་བརྙེན།།
 
བྱག་མཁན་གར་ལ་འཇུག་པའི་སྟངས་སྟབས་ཀྱིས།།
མཁའ་ལ་འཛེག་སྐས་འཐེན་པའི་སྟ་གོན་བྱུང་།།
དུས་ཀྱི་ལོ་མ་ཆུད་འཛའི་ལས་སུ་འཇུག།
སྒྱུ་མའི་དཔྱང་ཐག་ཆུ་བོའི་འགྲོས་དང་སྒྲུན།།
 
ལྕང་ལོའི་མེ་ཏོག་ལྷན་མེར་བཀྲ་བའི་སྟེང་།།
རྒུམ་འབྲུམ་དམར་པོ་ཆང་གི་མགྲོན་དུ་འབོད།།
རྒྱུ་འབྲས་རྒྱ་མའི་བསླུ་བྲིད་མིག་དུ་འབྱར།།
གློ་རྡེག་དབྱིག་མང་རྒྱས་པའི་རྟགས་མཚན་མངོན།།
 
གཟུ་ལུམས་དོན་གྱི་ཐུ་བོ་བྲན་དུ་བསུ།།
མཁྲེགས་པོ་ཕག་གི་གོ་གྱོང་ཆང་དུ་བསྙལ།།
གཉའ་ལྟག་ལྕགས་ཀྱི་ཐག་པས་དམ་དུ་བཅིངས།།
ལུས་ཀྱི་ཤ་ཁྲག་དུག་གི་ཚེར་མས་གཙབས།།
 
བཀྲེས་ལྟོགས་ཝུ་བའི་སྨྲེ་སྔགས་འབྲུག་དུ་ལྡིར།།
སྐོམ་སེལ་ཆང་གི་ཆར་བ་དྲག་ཏུ་འབབ།།
ཆུ་ཚོད་འཁོར་ལོའི་སྨྱུག་སྣེ་ལྡོག་དུ་བཞུར།།
སྣང་བྱེད་ཉི་མའི་ཟེར་ཡང་ནུབ་ནས་འཛུམ།།
               ༢༠༡༡ .༣. ༥

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།