འཁྱོག་གཟུགས་རབ་རིབ།

 

རི་རབ་དག་གཙང་བོ་ལ་འབྲེལ་ནས
མནའ་མ་བསྐྱལ་བར་བསྡད་མྱོང
ཤི་འཕོས་ཀྱི་འདས་ལོག་རྒྱུ་མྱོང་སའི་བྲག་ཐེམ་དུ
རྣམ་ཤེས་བདག་དུ་འཛིན་པའི་རྒོད་པོ་ཞིག
རྦ་རླབས་ཀྱི་གཡོ་སྐྱོམ་དང་ལྷན་དུ
སྐར་མདའ་དང་ལྷན་དུ་རྒས
 
གོམ་པ་སྤོས་ཚུལ་གྱི་གོམ་སྒྲ་ལས
ཉི་ཟེར་དང་རྣམ་ཤེས་རྒྱས་སོང་ཟེར་གྱིན
ལྭ་བ་དང་ཁ་ཟས་རྙེད་སོང་བ་ཞིག་བསམ་གྱིན
གློག་ཞགས་འཁྱུག་པའི་སེམས་སྒྲ་མཐའ་དག
མུན་ནག་ལ་གཏོང་གཏད་པར་ངོས་འཛིན་དམ
སང་ཉིན་གྱི་ཞོགས་པར་སྒུག་པར་ངོས་འཛིན
                                               2010.11.12
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁྱོག་གཟུགས་རབ་རིབ།

2011-04-29 རླུང་བུ། ཀློག་གྲངས། མཆན ཡོད།

 

རི་རབ་དག་གཙང་བོ་ལ་འབྲེལ་ནས
མནའ་མ་བསྐྱལ་བར་བསྡད་མྱོང
ཤི་འཕོས་ཀྱི་འདས་ལོག་རྒྱུ་མྱོང་སའི་བྲག་ཐེམ་དུ
རྣམ་ཤེས་བདག་དུ་འཛིན་པའི་རྒོད་པོ་ཞིག
རྦ་རླབས་ཀྱི་གཡོ་སྐྱོམ་དང་ལྷན་དུ
སྐར་མདའ་དང་ལྷན་དུ་རྒས
 
གོམ་པ་སྤོས་ཚུལ་གྱི་གོམ་སྒྲ་ལས
ཉི་ཟེར་དང་རྣམ་ཤེས་རྒྱས་སོང་ཟེར་གྱིན
ལྭ་བ་དང་ཁ་ཟས་རྙེད་སོང་བ་ཞིག་བསམ་གྱིན
གློག་ཞགས་འཁྱུག་པའི་སེམས་སྒྲ་མཐའ་དག
མུན་ནག་ལ་གཏོང་གཏད་པར་ངོས་འཛིན་དམ
སང་ཉིན་གྱི་ཞོགས་པར་སྒུག་པར་ངོས་འཛིན
                                               2010.11.12
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།