རྒྱང་རིང་གི་མེ་ཏོག་ཆུན་པོ།


ཁྱོད་ངའི་སེམས་ཁོང་ལ་རུམ་ནས།
ཟླ་བའི་གྲོང་ཁྱེར་ནས་གླུ་ཆུང་བླངས་མྱོངས།
ཡིན་ན་ཡང་གློ་བུར་གྱི་རྨི་ལམ་ཞིག་གིས།
དུས་ཚུགས་ཀྱི་འགྱུར་ལྡོག་བཞིན།
 
ཁུ་བྱུག་སྔོན་མོའི་བསྟོད་གླུ་ལེན་དུས།
བྱེ་མ་ལེབ་ཀྱི་བྲོ་གར་འཁྲབ་དུས།
ནོར་འཛིན་བུ་མོའི་གོས་ཆེན་སྔོན་མོ་གྱོན་དུས།
སྤང་རི་སྔོན་མོའི་གཡུ་བྱུར་གྱི་སྐེ་རྒྱན་འདོག་དུས
ཁྱེད་ཀྱི་འདབ་མ་ངའི་སེམས་ནས་བཞད་མ་ཐུབ།
ཡིན་ན་ཡང་།འདབ་མ་སྟོང་དང་ལྡན་པའི
ཁྱེད་ཀྱི་ལྷག་བསམ་དང་ཤེས་རབ།
ངའི་སེམས་ཁོང་ནས་བརྗེད་ག་ལ་སྲིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱང་རིང་གི་མེ་ཏོག་ཆུན་པོ།

2011-04-27 དགེ་རིག ཀློག་གྲངས། མཆན ཡོད།


ཁྱོད་ངའི་སེམས་ཁོང་ལ་རུམ་ནས།
ཟླ་བའི་གྲོང་ཁྱེར་ནས་གླུ་ཆུང་བླངས་མྱོངས།
ཡིན་ན་ཡང་གློ་བུར་གྱི་རྨི་ལམ་ཞིག་གིས།
དུས་ཚུགས་ཀྱི་འགྱུར་ལྡོག་བཞིན།
 
ཁུ་བྱུག་སྔོན་མོའི་བསྟོད་གླུ་ལེན་དུས།
བྱེ་མ་ལེབ་ཀྱི་བྲོ་གར་འཁྲབ་དུས།
ནོར་འཛིན་བུ་མོའི་གོས་ཆེན་སྔོན་མོ་གྱོན་དུས།
སྤང་རི་སྔོན་མོའི་གཡུ་བྱུར་གྱི་སྐེ་རྒྱན་འདོག་དུས
ཁྱེད་ཀྱི་འདབ་མ་ངའི་སེམས་ནས་བཞད་མ་ཐུབ།
ཡིན་ན་ཡང་།འདབ་མ་སྟོང་དང་ལྡན་པའི
ཁྱེད་ཀྱི་ལྷག་བསམ་དང་ཤེས་རབ།
ངའི་སེམས་ཁོང་ནས་བརྗེད་ག་ལ་སྲིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།