དྲན་པའི་གདུང་དབྱངས།

སེང་ཆེན།༼པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-04-27

                    ___ཤར་རྒྱལ་བ་ཙོང་ཁ་པ་སྐུ་འཁྲུངས་ནས་ལོ་འཁོར༦༥༣འདས་པའི་རྗེས་དྲན་ལ།
                    
ཟླ་ཤེལ་ཁ་བའི་ས་འཛིན་ལྕགས་རིས་སྲུང་མཛད་བྷོ་ཊའི་ལྗོངས་ཆེན་འདིར།།
ཡབ་རྗེ་བླ་མའི་མཛད་འཕྲིན་སྣང་བྱེད་གངས་རིའི་མཁའ་མཐར་འོད་དུ་འཚེར།།
ཞྭ་སེར་བསྟན་པས་གངས་ཅན་སྐྱེ་འགྲོ་བགྲང་ཡས་དགེ་བའི་ལམ་སྣེར་དྲངས།།
འདི་དག་སེམས་ཚེ་དགེ་ལྡན་བསྟན་པའི་མངའ་བདག་ཁོང་ཉིད་སྙིང་ནས་དྲན།།

བུ་ཕོ་ང་འདྲ་བསོད་ནམས་དམན་པས་རྗེ་ཡི་ཞལ་ངོ་མ་ཟིན་ཡང་།།
དམ་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐོས་བའི་དུས་ཀྱི་ཐོག་མ་ནས།།
དད་པའི་སྤུ་ལོང་གཡོ་བར་བྱས་ཤིང་གུས་པའི་སོར་མོ་སྙིང་ཁར་སྦྱར།།
འདི་དག་དྲན་ཚེ་འཇམ་མགོན་བླ་མ་བློ་བཟང་གྲགས་པ་སྙིང་ནས་དྲན།།

མདོ་སྔགས་ཟུང་གི་ཉི་ཟླའི་རྒྱལ་མཚན་གངས་རིའི་ལྗོངས་འདིར་འདྲེན་མཛད་པའི།།
མ་རིག་སྨག་རྨོངས་འཇོམས་པར་བྱེད་མཛད་ཤེས་རབ་སྒྲོན་མེ་ཕྱག་ཏུ་བསྣམས།།
རིགས་ཀྱི་བླ་སྲོག་གཙང་མའི་མཚོ་ཡི་ཟབ་བརླིང་འཇིང་བར་གནས་པའི་མགོན།།
འཇམ་དབྱངས་མི་ཡི་གར་དུ་རོལ་མཛད་ཡབ་རྗེ་བླ་མ་སྙིང་ནས་དྲན།།

འཛམ་གླིང་ཞི་བདེ་བ་དན་དཀར་པོ་གོ་ལའི་ཁྱོན་འདིར་སྒྲེང་བའི་དུས།།
ཞི་བདེ་རྒྱལ་བོའི་གཉེན་གྱི་དྭངས་མ་ནང་བསྟན་ཡིད་བཞིན་ནོར་གྱི་དཔུང།།
དེ་ཡི་མཆོག་ཟུང་རྟེན་འབྲེལ་ལྟོས་གྲུབ་དང་ནི་འཚེ་མེད་ཞི་བདེ་ཡི།།
མངའ་མཛད་ཆེན་མོ་དུས་གསུམ་རྒྱལ་བའི་ཐུགས་སྲས་ཁོང་ཉིད་ལྷག་ཏུ་དྲན།།

བདེ་འབྱུང་གཙུག་རྒྱན་གཟའ་ཡིས་བཟུང་ཤིང་སྣང་བྱེད་བདག་པོ་སྤྲིན་གྱིས་བསྒྲིབས།།
གངས་སེང་དཀར་མོའི་གསུང་སྐད་འགག་ཅིང་འབྲོང་མོའི་རྨིག་བཞི་འཁྱགས་པས་བསྡམས།།
སྐྱ་ཆད་སྔོ་སྡུག་འཚོ་བའི་ཀློང་ན་ངེད་ཅག་མུན་པས་བྲན་དུ་བཀོལ།།
ཛ་དྲག་ལོ་ཟླའི་བུ་ཡུག་ཁྲོད་ནས་ཡབ་རྗེ་བླ་མ་ལྷག་ཏུ་དྲན།།

ཟླ་མེད་མཛད་འཕྲིན་ཉི་ཟླའི་གཟི་བྱིན་བསིལ་ལྡན་ལྗོངས་སུ་འོད་དུ་འཚེར།།
ཞུམ་མེད་ཐུགས་སྟོབས་རྩལ་གྱི་རྫོགས་པས་གངས་ཅན་མཁས་པའི་འགྲན་ཟླ་བྲལ།།
བདག་བློ་བྱིའུས་ཆོད་ཐབས་བྲལ་ཡང་བརྗོད་འདོད་སྨྱུག་ཁ་བཙན་གྱིས་བསྒྱུར།།
གངས་རིའི་མགོན་པོའི་བསྟན་པའི་སྲོག་ཤིང་བསྐལ་མཐའི་བར་དུ་བརྟན་གྱུར་ཅིག།

དུས་ཀྱི་བདུད་མོས་གངས་རིའི་བདག་པོ་འོ་སྐོལ་ས་མཐར་བསྐྲད་ན་ཡང་།།
རིགས་རྒྱུད་གཙང་མའི་ཕྲེང་རྡོག་བགྲང་ཞོར་ལོ་རྒྱུས་ཆུ་མོའི་བཞུར་རྒྱུན་ཁྲོད།།
མེས་པོའི་རྣམ་དཔྱོད་བློ་གྲོས་སྙིང་སྟོབས་སེམས་ཀྱི་བྲོ་ཁར་བཟུང་ནས་ནི།།
མ་འོངས་ཁ་ལྗོངས་རང་ཁྱིམ་དྲོན་མོའི་རང་བདག་ལས་ལ་ཅིས་མི་བརྩོན།།
                         ༢༠༡༠  ༡༠  ༢༥

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་པའི་གདུང་དབྱངས།

2011-04-27 སེང་ཆེན།༼པེ་ཅིང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།