དཀར་པོའི་དབྱངས།

 

ཟག་མེད་ཀྱི་དབྱིངས་རིམ
ཉི་འོད་ཀྱི་མལ་སྟན་ལས
རེ་སྒུག་གི་རྣམ་ཤེས་སུ་ཞིག་གི་ཕུད་ནུས་སམ
གཙང་བའི་ངང་ཤུམ་ལས
ཁྱོད་ནི་ངག་མ་འཁྲོལ་བའི་དུང་དཀར་དེ་ཡིནམ
རྐང་ལམ་ནས་ཕྱིར་ལ་འཁོར་དུས
ཉི་འོད་དང་འདྲ་བའི་འཚོ་བ་ལ་གྲིབ་མ་ཡོད་པ་ཤེས
འཁྱོགས་པར་ཆགས་པའི་ན་ཟུག་གི་གཏིང་རིམ་ལ
ཕྱེ་ལེབ་ཀྱིས་དྲི་བསུང་བསྐྱལ་ཡོང་ངམ
བྱེའུ་བརྒྱ་འཕུར་སྟངས་ལས་ངས་རང་ཉིད་བཙལ
སྔ་མོ་ནས་ལོ་སར་སོང་བའི་བོད་པ
བདག་གི་སེམས་པ་ཡིན་པས
འདང་བརྩེ་འདི་ཡིས་རང་ཉིད་བཙོན་དུ་ཁྲིད་མི་འདོད 
 
               ༢༠༠༩  ༡༡  ༧
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཀར་པོའི་དབྱངས།

2011-04-26 རླུང་བུ། ཀློག་གྲངས། མཆན ཡོད།

 

ཟག་མེད་ཀྱི་དབྱིངས་རིམ
ཉི་འོད་ཀྱི་མལ་སྟན་ལས
རེ་སྒུག་གི་རྣམ་ཤེས་སུ་ཞིག་གི་ཕུད་ནུས་སམ
གཙང་བའི་ངང་ཤུམ་ལས
ཁྱོད་ནི་ངག་མ་འཁྲོལ་བའི་དུང་དཀར་དེ་ཡིནམ
རྐང་ལམ་ནས་ཕྱིར་ལ་འཁོར་དུས
ཉི་འོད་དང་འདྲ་བའི་འཚོ་བ་ལ་གྲིབ་མ་ཡོད་པ་ཤེས
འཁྱོགས་པར་ཆགས་པའི་ན་ཟུག་གི་གཏིང་རིམ་ལ
ཕྱེ་ལེབ་ཀྱིས་དྲི་བསུང་བསྐྱལ་ཡོང་ངམ
བྱེའུ་བརྒྱ་འཕུར་སྟངས་ལས་ངས་རང་ཉིད་བཙལ
སྔ་མོ་ནས་ལོ་སར་སོང་བའི་བོད་པ
བདག་གི་སེམས་པ་ཡིན་པས
འདང་བརྩེ་འདི་ཡིས་རང་ཉིད་བཙོན་དུ་ཁྲིད་མི་འདོད 
 
               ༢༠༠༩  ༡༡  ༧
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།