དབྱི་སི་ལན་ཆོས་ཁང་སྟེང་གི་གསེར་ཏོག

 
    ___༼ཟི་ལིང་གི་ཁ་ཆེ་ཆོས་ཁང་ཆེན་མོ་ལས་སྐུ་འབུམ་དགོན་པ་ནས་གནང་བའི་གསེར་ཏོག་མཐོང་རྗེས།༽
                                              
ཡོད་ཚད་རང་འདོད་ལྟར་བཟོས་ཆོག་ཆོག་གི་ལྷ་དེས།
གསེར་གདུང་ཁང་ཆེན་མོའི་མདུན་རྒྱབ་གང་རུང་ནས།
ཅི་ཞིག་ཐོབ་འདོད་ཀྱི་ཚུགས་ཀ་སྙིང་རྗེ་བ་ཞིག་བསྟན་ཡོད་དམ།
གསེར་ཏོག་དེ་དམིགས་ནས་འོང་ངེས་པའི་ཕུག་རོན་དག་ལ།
ཅིས་ཀྱང་དེམ་ཆུང་སེར་བོ་དེས་བྱབས་ཁྲུས་བྱ་དགོས་ཚེ།
དམར་དྲི་ཙམ་ལའང་སྣོམ་ཡང་མ་མྱོང་བའི་ལོ་རྒྱུས་ཅི་ལྟར་བྱེད།
མགོ་ཁུངས་མི་གཅིག་པའི་ཆུ་ཀླུང་བཞི་བོ།
མཐར་གཏུག་ན་རྒྱ་མཚོར་འབབ་པ་ཇི་བཞིན།
མི་ཚོགས་ཀྱིས་དགད་ལ་ཁད་ཀྱི་རྐང་ལམ་འདི་གཉིས་ཀ
མ་གིའི་ཞིང་ཁམས་གཅིག་ཁོ་ནར་འཐེན་ཡོད་པར་བསམ་ཆོག་གམ།
བདག་གི་དཔེ་སྒྲོམ་དུ་བཞུགས་སུ་གསོལ་བའི་ཀུ་རན་གསུང་རབ་དེས་ཀྱང་།
དབྱི་སི་ལན་ཆོས་ཁང་སྟེང་གི་གསེར་ཏོག་དེ་དང་འདྲ་བར།
བདག་ལ་ཆེས་སྐྱོ་བའི་དུས་ཀྱི་སེམས་གསོ་གནང་སྲིད་དམ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱི་སི་ལན་ཆོས་ཁང་སྟེང་གི་གསེར་ཏོག

2011-06-23 འཆིང་གྲོལ། ཀློག་གྲངས། མཆན ཡོད།

 
    ___༼ཟི་ལིང་གི་ཁ་ཆེ་ཆོས་ཁང་ཆེན་མོ་ལས་སྐུ་འབུམ་དགོན་པ་ནས་གནང་བའི་གསེར་ཏོག་མཐོང་རྗེས།༽
                                              
ཡོད་ཚད་རང་འདོད་ལྟར་བཟོས་ཆོག་ཆོག་གི་ལྷ་དེས།
གསེར་གདུང་ཁང་ཆེན་མོའི་མདུན་རྒྱབ་གང་རུང་ནས།
ཅི་ཞིག་ཐོབ་འདོད་ཀྱི་ཚུགས་ཀ་སྙིང་རྗེ་བ་ཞིག་བསྟན་ཡོད་དམ།
གསེར་ཏོག་དེ་དམིགས་ནས་འོང་ངེས་པའི་ཕུག་རོན་དག་ལ།
ཅིས་ཀྱང་དེམ་ཆུང་སེར་བོ་དེས་བྱབས་ཁྲུས་བྱ་དགོས་ཚེ།
དམར་དྲི་ཙམ་ལའང་སྣོམ་ཡང་མ་མྱོང་བའི་ལོ་རྒྱུས་ཅི་ལྟར་བྱེད།
མགོ་ཁུངས་མི་གཅིག་པའི་ཆུ་ཀླུང་བཞི་བོ།
མཐར་གཏུག་ན་རྒྱ་མཚོར་འབབ་པ་ཇི་བཞིན།
མི་ཚོགས་ཀྱིས་དགད་ལ་ཁད་ཀྱི་རྐང་ལམ་འདི་གཉིས་ཀ
མ་གིའི་ཞིང་ཁམས་གཅིག་ཁོ་ནར་འཐེན་ཡོད་པར་བསམ་ཆོག་གམ།
བདག་གི་དཔེ་སྒྲོམ་དུ་བཞུགས་སུ་གསོལ་བའི་ཀུ་རན་གསུང་རབ་དེས་ཀྱང་།
དབྱི་སི་ལན་ཆོས་ཁང་སྟེང་གི་གསེར་ཏོག་དེ་དང་འདྲ་བར།
བདག་ལ་ཆེས་སྐྱོ་བའི་དུས་ཀྱི་སེམས་གསོ་གནང་སྲིད་དམ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།