མི་རྐྱང་གི་འཚོ་བ།


རྙིང་ཧྲུལ་དཔེ་ཆ་བརྩེགས་པའི་སྒམ་སྟེང་དུ།།
ཞིབ་ཕྲ་ས་རྡུལ་ཚོགས་ཀྱིས་གནས་རྟེན་བྱེད།།
འཚོ་རྒྱུགས་འབུ་སྲིན་ཚོགས་ཀྱི་གོམ་འགྲོ་ཡིས།།
དཔེ་སྒྲོམ་རྡུལ་ཆགས་སྟེང་ལ་གར་སྟབས་འབྲི།།

ཞོགས་པར་སྦྲང་དཀར་རྩམ་པའི་བྲོ་བར་རོལ།།
དགོང་ཕྱི་མཐེབ་ཐུག་ནུར་བོའི་ཕོ་འགྲང་ཙམ།།
མཚན་མོ་བག་སྐྱ་བཅུག་པའི་ཤོག་སྒམ་དུ།།
ཙུ་གུ་ཆུང་ཆུང་རྐུན་མའི་སྤྲུལ་བར་བརྫུས།།

ཕྱི་རོལ་འབྱུང་བཞི་འཁྲུག་པའི་གཡུལ་ས་ལས།།
མ་ཐུབ་རྒོད་དུ་ཤོར་བའི་བཙག་རླུང་གིས།།
ཁང་ཆུང་དྲ་གསེང་དང་ནི་སྒོ་གསེབ་ནས།།
རྒྱ་ཁབ་ནག་པོས་གཙགས་འདྲའི་ན་གཟེར་སྟེར།།

ཨར་འདམ་སྐྱ་བོ་ཞིག་གི་ཡང་སྟེང་དུ།།
སྒྱིད་ལུག་གཉིད་ལ་རོལ་སའི་ཚང་ཅིག་བྱས།།
སྲིང་བལ་མལ་ཐུལ་ལེབ་གཉིས་གོས་གདན་མོད།།
སྐབས་རེར་གྲང་བས་རྨི་ལམ་རོལ་ཐབས་དབེན།།

           -- ༢༠༡༡/༥/༢༦.ཉིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རྐྱང་གི་འཚོ་བ།

2011-06-16 སྨག་འཛོམས། ཀློག་གྲངས། མཆན ཡོད།


རྙིང་ཧྲུལ་དཔེ་ཆ་བརྩེགས་པའི་སྒམ་སྟེང་དུ།།
ཞིབ་ཕྲ་ས་རྡུལ་ཚོགས་ཀྱིས་གནས་རྟེན་བྱེད།།
འཚོ་རྒྱུགས་འབུ་སྲིན་ཚོགས་ཀྱི་གོམ་འགྲོ་ཡིས།།
དཔེ་སྒྲོམ་རྡུལ་ཆགས་སྟེང་ལ་གར་སྟབས་འབྲི།།

ཞོགས་པར་སྦྲང་དཀར་རྩམ་པའི་བྲོ་བར་རོལ།།
དགོང་ཕྱི་མཐེབ་ཐུག་ནུར་བོའི་ཕོ་འགྲང་ཙམ།།
མཚན་མོ་བག་སྐྱ་བཅུག་པའི་ཤོག་སྒམ་དུ།།
ཙུ་གུ་ཆུང་ཆུང་རྐུན་མའི་སྤྲུལ་བར་བརྫུས།།

ཕྱི་རོལ་འབྱུང་བཞི་འཁྲུག་པའི་གཡུལ་ས་ལས།།
མ་ཐུབ་རྒོད་དུ་ཤོར་བའི་བཙག་རླུང་གིས།།
ཁང་ཆུང་དྲ་གསེང་དང་ནི་སྒོ་གསེབ་ནས།།
རྒྱ་ཁབ་ནག་པོས་གཙགས་འདྲའི་ན་གཟེར་སྟེར།།

ཨར་འདམ་སྐྱ་བོ་ཞིག་གི་ཡང་སྟེང་དུ།།
སྒྱིད་ལུག་གཉིད་ལ་རོལ་སའི་ཚང་ཅིག་བྱས།།
སྲིང་བལ་མལ་ཐུལ་ལེབ་གཉིས་གོས་གདན་མོད།།
སྐབས་རེར་གྲང་བས་རྨི་ལམ་རོལ་ཐབས་དབེན།།

           -- ༢༠༡༡/༥/༢༦.ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།