རྩྭ་ཐང་ལ་ཕྱོགས་པའི་སེམས་པ།


སྤང་ཐང་དང་ནགས་ཚལ་གྱིས་བརྒྱན་པའི་བདག་གི་དག་ཞིང་།
བྱེའུ་འཇོལ་མོའི་གསུང་སྐད་དང་ལྷན་དུ་ལྷིང་འཇགས་སེར།
ཚེ་སྲོག་ལ་གཅེས་པའི་སྲོག་ཆགས་དག་བྱམས་ཀྱིས་བསྐྱངས།
ཨ་བདག་གི་རྩྭ་ཐང་།
སེར་ཆེན་མེ་ཏོག་དང་ལྷན་དུ་ཟླ་བཞི་བ་ཚེས་དུས།
ངས་ཁྱེད་ཉིད་ལྷག་ཏུ་དྲན།
ད་དུང་ལུག་རྫི་བུ་མོས་གླུ་བཞས་དབྱངས་ལ་གྱེར་དུས།
ངས་རང་ཉིད་ཀྱི་རྩྭ་ཐང་ལ་རང་ཉིད་ཀྱིས་རོལ་མྱོང་བྱེད་འདོད།
རྒྱང་རིང་གི་ཡུལ་གྲུ་ཞིག་ནས་ཁྱེད་ཉིད་ལ་ཕྱིར་བལྟ་བྱེད་དུས།
ཁྱེད་ནི་གཙང་བོ་དང་གངས་རིས་བརྒྱན་པའི་བདག་སེམས་ཀྱི་
རྩྭ་ཐང་ངོ་མ་དེ་ཡིན་སོང་།
ནམ་རྒྱུན་ཨ་མས་ང་ལ་རྩྭ་ཐང་ནི་ཁྱེད་ཀྱི་ཕ་ཁྱིམ་ངོ་མ་དེ་ཡིན་ལ།
གངས་རི་དང་གཙང་བོ་ནི་གཞིས་ཀ་འདིའི་གཅེས་ནོར་ཡིན་ཟེར།
བདེན་དེ་གངས་རི་དང་གཙང་བོ་མེད་ན།
སྔོ་ལྗང་གི་རྩྭ་ཐང་དང་སེར་ཆེན་གྱི་མེ་ཏོག་ཀྱང་ག་ལ་ཡོད།
ད་དུང་ཐུལ་དཀར་འབྲི་མོ་དང་གཡང་དཀར་ལུག་ཁྱུ།
འདི་དག་གི་འཚོ་གནས་ཀྱང་འདི་ཡིན་ལ།
འོ་ཞོ་དང་སྦྲང་དཀར་རྩམ་པ་ཡང་འདི་དག་གི་ཁྲོད་ནས།
ང་ཚོ་ལ་སྨད་ཀྱི་མཚོ་མོ་བཞིན་འཁྱིལ་ཡོད་ལ།
སྟོད་ཀྱི་རི་བོ་བཞིན་བརྩིགས་ཡོད། ཨ་བདག་གི་རྩྭ་ཐང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩྭ་ཐང་ལ་ཕྱོགས་པའི་སེམས་པ།

2011-06-14 སྦྱིན་པ། ཀློག་གྲངས། མཆན ཡོད།


སྤང་ཐང་དང་ནགས་ཚལ་གྱིས་བརྒྱན་པའི་བདག་གི་དག་ཞིང་།
བྱེའུ་འཇོལ་མོའི་གསུང་སྐད་དང་ལྷན་དུ་ལྷིང་འཇགས་སེར།
ཚེ་སྲོག་ལ་གཅེས་པའི་སྲོག་ཆགས་དག་བྱམས་ཀྱིས་བསྐྱངས།
ཨ་བདག་གི་རྩྭ་ཐང་།
སེར་ཆེན་མེ་ཏོག་དང་ལྷན་དུ་ཟླ་བཞི་བ་ཚེས་དུས།
ངས་ཁྱེད་ཉིད་ལྷག་ཏུ་དྲན།
ད་དུང་ལུག་རྫི་བུ་མོས་གླུ་བཞས་དབྱངས་ལ་གྱེར་དུས།
ངས་རང་ཉིད་ཀྱི་རྩྭ་ཐང་ལ་རང་ཉིད་ཀྱིས་རོལ་མྱོང་བྱེད་འདོད།
རྒྱང་རིང་གི་ཡུལ་གྲུ་ཞིག་ནས་ཁྱེད་ཉིད་ལ་ཕྱིར་བལྟ་བྱེད་དུས།
ཁྱེད་ནི་གཙང་བོ་དང་གངས་རིས་བརྒྱན་པའི་བདག་སེམས་ཀྱི་
རྩྭ་ཐང་ངོ་མ་དེ་ཡིན་སོང་།
ནམ་རྒྱུན་ཨ་མས་ང་ལ་རྩྭ་ཐང་ནི་ཁྱེད་ཀྱི་ཕ་ཁྱིམ་ངོ་མ་དེ་ཡིན་ལ།
གངས་རི་དང་གཙང་བོ་ནི་གཞིས་ཀ་འདིའི་གཅེས་ནོར་ཡིན་ཟེར།
བདེན་དེ་གངས་རི་དང་གཙང་བོ་མེད་ན།
སྔོ་ལྗང་གི་རྩྭ་ཐང་དང་སེར་ཆེན་གྱི་མེ་ཏོག་ཀྱང་ག་ལ་ཡོད།
ད་དུང་ཐུལ་དཀར་འབྲི་མོ་དང་གཡང་དཀར་ལུག་ཁྱུ།
འདི་དག་གི་འཚོ་གནས་ཀྱང་འདི་ཡིན་ལ།
འོ་ཞོ་དང་སྦྲང་དཀར་རྩམ་པ་ཡང་འདི་དག་གི་ཁྲོད་ནས།
ང་ཚོ་ལ་སྨད་ཀྱི་མཚོ་མོ་བཞིན་འཁྱིལ་ཡོད་ལ།
སྟོད་ཀྱི་རི་བོ་བཞིན་བརྩིགས་ཡོད། ཨ་བདག་གི་རྩྭ་ཐང་།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།