རི་མོའི་རྨི་ལམ་གྱི་ལེའུ།

    ༡
ལག་མཐིལ་ན་བསྐྱིལ་བའི་ཟླ་འོད་དཀར་པོ
དུས་རླུང་གིས་ཡང་ཡང་བསྒུལ་རྗེས
ཁྱེད་རང་ནམ་མཁའ་ལ་ཁེན་ནས་ཡུན་རིང་ངུས
ཁྱེད་ཀྱི   ལྷིང་འཇགས་ཀྱི་ནང་ཁོག་དམར་པོ
མཚན་མོའི་བྱ་གླག་གིས་འཇིབ་རྗེས
ཁྱེད་ལ་རྐང་བ་ཡོད་མི་སྲིད
   ༢
བདག་གིས་མིག་ཆུ་དག་བསྐྱར་དུ་བསྒྲིགས་ནས
ཁང་མིག་ཆུང་ཆུང་ཞིག་བཟོས
ནང་དུ་ཡབ་ཆེན་གྱི་མིང་དང་ཁྱེད་ཀྱི་སྐྱེ་སྐར་ཡོད་པས
སང་ཉིན་ཁྱེད་ཀྱིས་སྒོ་ཕྱེ་རོགས
   ༣
ད་ནི ང་ཚོར་རང་ཉིད་ལ་དབང་བའི་དུར་ཁྲོད་ཅིག་ཀྱང་ཡོད་འོས
དུར་བྱང་ངོས་སུ་ང་ཚོས་རང་གི་ཕུགས་བསམ་དང་པུར་མིང་དག་ཕྲིས་དང

ང་ཚོ་ཤི་ཡང
ནམ་ཞིག་ན་མི་གསར་བ་དག་གི་བརྡ་འཕྲིན་འབྱོར་འོང་བར་ཡིད་ཆེས་ཡོད།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་མོའི་རྨི་ལམ་གྱི་ལེའུ།

2011-06-13 སྲིན་པོ། ཀློག་གྲངས། མཆན ཡོད།

    ༡
ལག་མཐིལ་ན་བསྐྱིལ་བའི་ཟླ་འོད་དཀར་པོ
དུས་རླུང་གིས་ཡང་ཡང་བསྒུལ་རྗེས
ཁྱེད་རང་ནམ་མཁའ་ལ་ཁེན་ནས་ཡུན་རིང་ངུས
ཁྱེད་ཀྱི   ལྷིང་འཇགས་ཀྱི་ནང་ཁོག་དམར་པོ
མཚན་མོའི་བྱ་གླག་གིས་འཇིབ་རྗེས
ཁྱེད་ལ་རྐང་བ་ཡོད་མི་སྲིད
   ༢
བདག་གིས་མིག་ཆུ་དག་བསྐྱར་དུ་བསྒྲིགས་ནས
ཁང་མིག་ཆུང་ཆུང་ཞིག་བཟོས
ནང་དུ་ཡབ་ཆེན་གྱི་མིང་དང་ཁྱེད་ཀྱི་སྐྱེ་སྐར་ཡོད་པས
སང་ཉིན་ཁྱེད་ཀྱིས་སྒོ་ཕྱེ་རོགས
   ༣
ད་ནི ང་ཚོར་རང་ཉིད་ལ་དབང་བའི་དུར་ཁྲོད་ཅིག་ཀྱང་ཡོད་འོས
དུར་བྱང་ངོས་སུ་ང་ཚོས་རང་གི་ཕུགས་བསམ་དང་པུར་མིང་དག་ཕྲིས་དང

ང་ཚོ་ཤི་ཡང
ནམ་ཞིག་ན་མི་གསར་བ་དག་གི་བརྡ་འཕྲིན་འབྱོར་འོང་བར་ཡིད་ཆེས་ཡོད།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།