ས་སྲོད་ཀྱི་སྙན་ངག


ས་སྲོད་ལ་སྙན་ངག་འབྲི་དུས
ངས་སྒོ་མགོར་བཀལ་བའི་འབྲོང་རྭ་སྐམ་པོ་དག་དྲན
རླུང་ལ་བཅོལ་བའི་དར་ལྕོག་ཟད་པོ་དག་དྲན
དེ་ནི་སུ་ཞིག་གི་ཁ་ཆེམས་ཡིན་པར་སྙམ

ས་སྲོད་ལ་སྙན་ངག་འབྲི་དུས
ངས་རྩྭ་ཐང་ན་རྫི་བོ་མེད་པ་དྲན
འབྲོང་གི་རྨིག་རྗེས་འཚོལ་བའི་རྫི་བོ་མེད་པ་དྲན
དེ་སུ་ཞིག་གི་གྱོང་གུད་ཡིན་པར་སྙམ

ས་སྲོད་ལ་སྙན་ངག་འབྲི་དུས
ངས་ཚ་མོ་དེས་བོད་སྐད་མི་ཤོད་པ་དྲན
མེ་ལོང་ནས་རང་ཉིད་མི་མཐོང་བ་དྲན
དེ་ནི་སུ་ཞིག་གི་ནག་ཉེས་ཡིན་པར་སྙམ

ས་སྲོད་ལ་སྙན་ངག་འབྲི་དུས
ངས………………..

                                          2011.5.24

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་སྲོད་ཀྱི་སྙན་ངག

2011-06-09 གཉན་བུ། ཀློག་གྲངས། མཆན ཡོད།


ས་སྲོད་ལ་སྙན་ངག་འབྲི་དུས
ངས་སྒོ་མགོར་བཀལ་བའི་འབྲོང་རྭ་སྐམ་པོ་དག་དྲན
རླུང་ལ་བཅོལ་བའི་དར་ལྕོག་ཟད་པོ་དག་དྲན
དེ་ནི་སུ་ཞིག་གི་ཁ་ཆེམས་ཡིན་པར་སྙམ

ས་སྲོད་ལ་སྙན་ངག་འབྲི་དུས
ངས་རྩྭ་ཐང་ན་རྫི་བོ་མེད་པ་དྲན
འབྲོང་གི་རྨིག་རྗེས་འཚོལ་བའི་རྫི་བོ་མེད་པ་དྲན
དེ་སུ་ཞིག་གི་གྱོང་གུད་ཡིན་པར་སྙམ

ས་སྲོད་ལ་སྙན་ངག་འབྲི་དུས
ངས་ཚ་མོ་དེས་བོད་སྐད་མི་ཤོད་པ་དྲན
མེ་ལོང་ནས་རང་ཉིད་མི་མཐོང་བ་དྲན
དེ་ནི་སུ་ཞིག་གི་ནག་ཉེས་ཡིན་པར་སྙམ

ས་སྲོད་ལ་སྙན་ངག་འབྲི་དུས
ངས………………..

                                          2011.5.24

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།