ངའི་འཇིག་རྟེན།


ལྷིང་འཇགས་ཀྱི་ཟླ་འོད་འོག་ཏུ།
རྨི་ལམ་གྱི་རྟོག་འགྱུ་ཡང་ཡང་སྒོམ་དུས།
རང་ཉིད་ཀྱི་སྣང་བརྙན་གསོན་པོ།
ཡང་བསྐྱར་ལྟ་དགོས་བྱུང་།

ཐོབ་ཤོར་གྱི་མི་ཚེ་ལ།
འདས་སོང་གི་བསམ་གཞིག་འབྲི་དུས།
ནང་སེམས་ཀྱི་ཆུ་འཛིན་ཀློང་ནས།
གདུང་སེམས་ཀྱི་རྦ་རླབས་ཤིག་ཁད་ཀྱིས་འཕྱུར་འོང་ལ།
ཕམ་ཉེས་ཀྱི་ངོ་གདོང་ཞིག་ཤུགས་ཀྱིས་དྲན་འོང་།

གས་ཆགས་ཀྱི་ལོ་ཟླ་འདིར།
ཅི་ཡང་མ་ཐོབ་བའི་རྒན་པོ་བཞིན།
སུན་སྣང་གི་རྐང་ལམ་ཕྲ་མོ།
དལ་གྱིས་རྒྱུ་དུས།
ཁེར་རྐྱང་གི་རྡོག་སྒྲ་དེའང་།
ཁོ་བོའི་རྣ་བར་གཟན།
                   ༢༠༡༠  ༦༧ ལྷ་ས་རུ་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་འཇིག་རྟེན།

2011-06-07 རོ་བདག ཀློག་གྲངས། མཆན ཡོད།


ལྷིང་འཇགས་ཀྱི་ཟླ་འོད་འོག་ཏུ།
རྨི་ལམ་གྱི་རྟོག་འགྱུ་ཡང་ཡང་སྒོམ་དུས།
རང་ཉིད་ཀྱི་སྣང་བརྙན་གསོན་པོ།
ཡང་བསྐྱར་ལྟ་དགོས་བྱུང་།

ཐོབ་ཤོར་གྱི་མི་ཚེ་ལ།
འདས་སོང་གི་བསམ་གཞིག་འབྲི་དུས།
ནང་སེམས་ཀྱི་ཆུ་འཛིན་ཀློང་ནས།
གདུང་སེམས་ཀྱི་རྦ་རླབས་ཤིག་ཁད་ཀྱིས་འཕྱུར་འོང་ལ།
ཕམ་ཉེས་ཀྱི་ངོ་གདོང་ཞིག་ཤུགས་ཀྱིས་དྲན་འོང་།

གས་ཆགས་ཀྱི་ལོ་ཟླ་འདིར།
ཅི་ཡང་མ་ཐོབ་བའི་རྒན་པོ་བཞིན།
སུན་སྣང་གི་རྐང་ལམ་ཕྲ་མོ།
དལ་གྱིས་རྒྱུ་དུས།
ཁེར་རྐྱང་གི་རྡོག་སྒྲ་དེའང་།
ཁོ་བོའི་རྣ་བར་གཟན།
                   ༢༠༡༠  ༦༧ ལྷ་ས་རུ་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།