དྲན་འཆར།


བྲེལ་འཚུབ་བྱ་བའི་བར་མཚམས་ཤིག་ནས།།
རེ་བའི་མིག་ཞགས་རྒྱང་ལ་བསྲིངས་དུས།།
གངས་དཀར་སེམས་ཀྱི་བར་སྲུབ་ཞིག་ནས།།
མཛའ་མོ་དྲན་པའི་ཆུ་མིག་བརྡོལ་སོང་།།

བརྩེ་སེམས་མེ་ཏོག་ཨུ་དུམ་བ་ར།།
དཀར་ནག་ཉི་ཟླའི་ལྟེབ་བསུབ་བར་ནས།།
བཞད་པའི་དུས་ཚོད་ཐུང་ངུ་ཞིག་ལ།།
སོ་སོར་ཐོར་བའི་ལས་ལ་བབས་སོང་།།

ས་མཐར་ཁྱམ་པའི་རྡོག་པའི་སྣེ་མོ་།།
དགུན་ཟླ་རྩུབ་མོའི་ཐང་ལ་དཔར་དུས།།
གསོ་རིག་ཤེས་བྱའི་དྲོད་ཐིག་ཅིག་གིས།།
རྐང་རྗེས་སྨན་པའི་ལས་འདི་ཐོབ་བྱུང་།།

ཆུང་དུས་ལུག་ཁྱུ་འཚོ་བའི་དུས་སུ།།
སེར་ཆེན་མེ་ཏོག་ལག་རྟགས་སྟེར་སའི།།
དུང་དུང་སེམས་ཀྱི་མཛའ་མོ་གཅིག་པུ།།
རི་ལུང་སྟོང་གི་ཕག་ན་ལུས་འདུག།

ཞལ་རས་བཅོ་ལྔའི་དུང་ཟླ་དཀར་པོ།།
ལོ་ཟླའི་གྲིབ་མས་ནག་པོར་བསྒྱུར་རུང་།།
དུང་སེམས་སོ་དཀར་ཕྱི་ལ་མངོན་པའི།།
ཚུལ་དེ་དྲན་ན་སྙིང་རེ་རྗེ་གི།

དྲན་པའི་དྲན་པ་ཆུ་བཞིན་བརྡོལ་རུང་།།
རང་སེམས་སྐྱོ་བའི་རྒྱུ་ལས་མི་འདུག།
སྤང་ཁའི་མེ་ཏོག་སེར་ཆེན་རིག་ན།།
མཛའ་མོའི་ཞལ་རས་སྙིང་ལ་འཆར་གི།

མཛའ་མོར་འཕྲད་པའི་རྨི་ལམ་ནང་ནས།།
དྲོད་སྐྱེད་བུམ་པ་དམ་དུ་བསྡམ་རུང་།།
བེན་པོའི་གཟུགས་ཀྱི་འཇིཌ་སྙིང་ཤར་ནས།།
དབུགས་ཀྱི་རྒྱུ་བས་གཉིད་ལས་སད་བྱུང་།།

རྫ་གཡམ་དམར་པོའི་ཁང་ཆུང་གཡར་མར།།
ཞག་གཅིག་འདུག་ན་སུན་སྣང་སྐྱེས་གི།
སྦྲ་ནག་གྲུ་བཞིའི་ཐབ་ཀའི་འགྲམ་ནས
ཚེ་གཅིག་ཟད་རུང་སྐྱིད་སྣང་འཆར་གི།
             
                       ༢༠༡༡.༣.༢༥

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་འཆར།

2011-06-07 ཀོང་མེ་བཙའ། ཀློག་གྲངས། མཆན ཡོད།


བྲེལ་འཚུབ་བྱ་བའི་བར་མཚམས་ཤིག་ནས།།
རེ་བའི་མིག་ཞགས་རྒྱང་ལ་བསྲིངས་དུས།།
གངས་དཀར་སེམས་ཀྱི་བར་སྲུབ་ཞིག་ནས།།
མཛའ་མོ་དྲན་པའི་ཆུ་མིག་བརྡོལ་སོང་།།

བརྩེ་སེམས་མེ་ཏོག་ཨུ་དུམ་བ་ར།།
དཀར་ནག་ཉི་ཟླའི་ལྟེབ་བསུབ་བར་ནས།།
བཞད་པའི་དུས་ཚོད་ཐུང་ངུ་ཞིག་ལ།།
སོ་སོར་ཐོར་བའི་ལས་ལ་བབས་སོང་།།

ས་མཐར་ཁྱམ་པའི་རྡོག་པའི་སྣེ་མོ་།།
དགུན་ཟླ་རྩུབ་མོའི་ཐང་ལ་དཔར་དུས།།
གསོ་རིག་ཤེས་བྱའི་དྲོད་ཐིག་ཅིག་གིས།།
རྐང་རྗེས་སྨན་པའི་ལས་འདི་ཐོབ་བྱུང་།།

ཆུང་དུས་ལུག་ཁྱུ་འཚོ་བའི་དུས་སུ།།
སེར་ཆེན་མེ་ཏོག་ལག་རྟགས་སྟེར་སའི།།
དུང་དུང་སེམས་ཀྱི་མཛའ་མོ་གཅིག་པུ།།
རི་ལུང་སྟོང་གི་ཕག་ན་ལུས་འདུག།

ཞལ་རས་བཅོ་ལྔའི་དུང་ཟླ་དཀར་པོ།།
ལོ་ཟླའི་གྲིབ་མས་ནག་པོར་བསྒྱུར་རུང་།།
དུང་སེམས་སོ་དཀར་ཕྱི་ལ་མངོན་པའི།།
ཚུལ་དེ་དྲན་ན་སྙིང་རེ་རྗེ་གི།

དྲན་པའི་དྲན་པ་ཆུ་བཞིན་བརྡོལ་རུང་།།
རང་སེམས་སྐྱོ་བའི་རྒྱུ་ལས་མི་འདུག།
སྤང་ཁའི་མེ་ཏོག་སེར་ཆེན་རིག་ན།།
མཛའ་མོའི་ཞལ་རས་སྙིང་ལ་འཆར་གི།

མཛའ་མོར་འཕྲད་པའི་རྨི་ལམ་ནང་ནས།།
དྲོད་སྐྱེད་བུམ་པ་དམ་དུ་བསྡམ་རུང་།།
བེན་པོའི་གཟུགས་ཀྱི་འཇིཌ་སྙིང་ཤར་ནས།།
དབུགས་ཀྱི་རྒྱུ་བས་གཉིད་ལས་སད་བྱུང་།།

རྫ་གཡམ་དམར་པོའི་ཁང་ཆུང་གཡར་མར།།
ཞག་གཅིག་འདུག་ན་སུན་སྣང་སྐྱེས་གི།
སྦྲ་ནག་གྲུ་བཞིའི་ཐབ་ཀའི་འགྲམ་ནས
ཚེ་གཅིག་ཟད་རུང་སྐྱིད་སྣང་འཆར་གི།
             
                       ༢༠༡༡.༣.༢༥

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།