རྣམ་ཤེས་དང་བེམ་པོའི་ཕྱིར་མིག

སེང་ཆེན།༼པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-06


གནམ་སྔོན་པོའི་གྲམ་གཞོངས་ནས་ཟགས་པའི་མིག་ཆུའི་ཐིགས་པ་རེ་རེ
སྤྲིན་དཀར་དང་དབྱང་རླུང་གི་སྐྱོར་བའི་བཤུལ་ལམ་བརྒྱུད
རྩ་ལྗང་གི་སྤྱི་གཙུག་ནས་སྙིང་ཁ་རུ་ལྷུང
ཕ་བོང་གི་ཟོལ་དུ་གྱུར་བའི་ཁ་སང་གི་དུར་ཁྲོད
རྒོད་ཚོགས་ཀྱི་སྡེར་མོ་དང་མཆི་ཏོག་བར་ནས
ཁུ་ཁྲག་གིས་སྣོག་པའི་ལྡེབས་རིས་བཞིན་ས་རུ་འཐིམས
རྣམ་ཤེས་དུ་རྟ་བཞིན་དགུང་ལ་ཞགས་པ་དེ
ཙ་ཡིས་བཟས་པའི་ལྡེ་མིག་གི་གླིང་གཅིག་གས་ཆག་ཤོར་བ་བཞིན
བློ་གྲོས་དང་སྙིང་སྟོབས     ཤེས་རབ་སོགས
ལྟོ་བ་འགྲེང་བའི་རོ་སྒམ་དེར་བཅུག་ནས་དུས་གཏན་གྱི་ལྡེ་མིག་མེད་པའི་ཟྭ་ཞིག་བརྒྱབ
སེམས་ཅན་གྱི་སྣང་ངོར
བེམ་པོ་རྣམ་ཤེས་ཀྱིས་རྒྱབ་ཏུ་བསྐྱུར་བ
བར་སྣང་ན་སྐྱོམ་པའི་ཀླུང་རྟ་མེ་ཡིས་བཟས་པ་དང
ཆུས་འཁུར་བའི་བང་སོ་ཇག་གིས་འཕྲོག་པ་དང་འདྲ་བར་འདོད་ཀྱང
སྣང་སྟོང་དང་ཤི་གསོན་ལ་མཚམས་ཐིག་གསལ་བོ་ཞིག་འགོད་ཐུབ་ཀྱིན་མེད་པའི་དེ་རིང
རྣམ་ཤེས་དགུང་ལ་ཞགས་ཀྱང
སྐར་ཚོགས་ཇི་བཞིན
སེམས་ཅན་གྱི་བདེ་སྡུག་ལ་སྤྱན་གྱིས་གཟིགས་ཤིང་རྒྱབ་ཏུ་ལངས་ཡོད
བེམ་པོ་འབྱུང་བཞིར་འཐིམས་རུང
རྗེས་རབས་པའི་སེམས་ངོགས་ན་རེ་ལྕག་གི་དཔའ་དར་འཐེན་ཡོད
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྣམ་ཤེས་དང་བེམ་པོའི་ཕྱིར་མིག

2011-06-06 སེང་ཆེན།༼པེ་ཅིང༽ ཀློག་གྲངས། མཆན ཡོད།


གནམ་སྔོན་པོའི་གྲམ་གཞོངས་ནས་ཟགས་པའི་མིག་ཆུའི་ཐིགས་པ་རེ་རེ
སྤྲིན་དཀར་དང་དབྱང་རླུང་གི་སྐྱོར་བའི་བཤུལ་ལམ་བརྒྱུད
རྩ་ལྗང་གི་སྤྱི་གཙུག་ནས་སྙིང་ཁ་རུ་ལྷུང
ཕ་བོང་གི་ཟོལ་དུ་གྱུར་བའི་ཁ་སང་གི་དུར་ཁྲོད
རྒོད་ཚོགས་ཀྱི་སྡེར་མོ་དང་མཆི་ཏོག་བར་ནས
ཁུ་ཁྲག་གིས་སྣོག་པའི་ལྡེབས་རིས་བཞིན་ས་རུ་འཐིམས
རྣམ་ཤེས་དུ་རྟ་བཞིན་དགུང་ལ་ཞགས་པ་དེ
ཙ་ཡིས་བཟས་པའི་ལྡེ་མིག་གི་གླིང་གཅིག་གས་ཆག་ཤོར་བ་བཞིན
བློ་གྲོས་དང་སྙིང་སྟོབས     ཤེས་རབ་སོགས
ལྟོ་བ་འགྲེང་བའི་རོ་སྒམ་དེར་བཅུག་ནས་དུས་གཏན་གྱི་ལྡེ་མིག་མེད་པའི་ཟྭ་ཞིག་བརྒྱབ
སེམས་ཅན་གྱི་སྣང་ངོར
བེམ་པོ་རྣམ་ཤེས་ཀྱིས་རྒྱབ་ཏུ་བསྐྱུར་བ
བར་སྣང་ན་སྐྱོམ་པའི་ཀླུང་རྟ་མེ་ཡིས་བཟས་པ་དང
ཆུས་འཁུར་བའི་བང་སོ་ཇག་གིས་འཕྲོག་པ་དང་འདྲ་བར་འདོད་ཀྱང
སྣང་སྟོང་དང་ཤི་གསོན་ལ་མཚམས་ཐིག་གསལ་བོ་ཞིག་འགོད་ཐུབ་ཀྱིན་མེད་པའི་དེ་རིང
རྣམ་ཤེས་དགུང་ལ་ཞགས་ཀྱང
སྐར་ཚོགས་ཇི་བཞིན
སེམས་ཅན་གྱི་བདེ་སྡུག་ལ་སྤྱན་གྱིས་གཟིགས་ཤིང་རྒྱབ་ཏུ་ལངས་ཡོད
བེམ་པོ་འབྱུང་བཞིར་འཐིམས་རུང
རྗེས་རབས་པའི་སེམས་ངོགས་ན་རེ་ལྕག་གི་དཔའ་དར་འཐེན་ཡོད
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།