གསེར་སྦྲང་དང་གཡུ་སྦྲང་།

        ༡  
ཉི་འོད་ཀྱི་དངོས་གྲུབ་ཐོབ་པའི་སྐྱེད་ཚལ
སྔོ་ལྗང་ལྗང
འཇམ་ཐིང་ཐིང
འདབ་ཆགས་ཀྱི་ཅ་ཅོ་བྲལ
གང་ཟག་གིས་འདུ་འཛིས་དབེན
པད་མ་ཡི་ཚོམ་བུའི་བར་ནས་བདག་གཉིས་ཕྲད
མཚམས་དང་ལན་རེར་ཐོས་བ་ནི
སྙིང་གཏམ་བརྗོད་པའི་ཞེ་མཐུན་གྱི་ཚིག་དང
ཡིད་སེམས་འཕར་ལྡིང་བྱེད་པའི་འགྲོས་ཡིན
           ༢
དྲི་བསུང་ཐུལ་བའི་ཟེའུ་འབྲུ་ངམར་མོས
བརླན་བཤེར་གྱི་ལྡུམ་ར་རུ་སྔར་མེད་ཀྱི་མཛེས་སྡུག་སྦྱིན
གེ་སར་ལ་རོལ་བའི་གསེར་སྦྲང་དང་གཡུ་སྦྲང་གཉིས
ཇེ་ཉེ་ནས་ཇེ་ཉེ
ག་ལེར   ག་ལེར་ཕྲད་བྱུང
ལང་ཚོ་ཡི་གླུ་དབྱངས་ལེན་པའི་སྦྲང་ཆུང་གཉིས
གཞས་དང་གཞས་ཕྲད་པའི་སྐད་ཅིག་མའི་དུས་དེ་ལ
པད་མ་ལས་མཛེས་བའི་སེམས་པ་གཉིས་འདྲེས་བྱུང
ཁྲག་ཐིགས་དང་ཁྲག་ཐིགས་འདྲེས་བ་ཇི་བཞིན
ཆུ་བོ་དང་ཉ་མོ་འདྲེས་བ་ཇི་བཞིན
       ༣
གསེར་སྦྲང་དང་གཡུ་སྦྲང་གཉིས་དགའ་བའི་མྱོས
དམར་ཆུང་གི་སེམས་པ་གཉིས་གཅིག་དུ་འདྲེས
མཚམས་དང་ལན་རེར་ཐོས་པ་ནི
སྙིང་གཏམ་བརྗོད་པའི་ཞེ་མཐུན་གྱི་ཚིག་དང
ཡིད་སེམས་གཉིས་འཕར་ལྡིང་བྱེད་པའི་འགྲོས་ཡིན

                    

 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསེར་སྦྲང་དང་གཡུ་སྦྲང་།

2011-06-03 རེབ་གླིང་སྨྱོན། ཀློག་གྲངས། མཆན ཡོད།

        ༡  
ཉི་འོད་ཀྱི་དངོས་གྲུབ་ཐོབ་པའི་སྐྱེད་ཚལ
སྔོ་ལྗང་ལྗང
འཇམ་ཐིང་ཐིང
འདབ་ཆགས་ཀྱི་ཅ་ཅོ་བྲལ
གང་ཟག་གིས་འདུ་འཛིས་དབེན
པད་མ་ཡི་ཚོམ་བུའི་བར་ནས་བདག་གཉིས་ཕྲད
མཚམས་དང་ལན་རེར་ཐོས་བ་ནི
སྙིང་གཏམ་བརྗོད་པའི་ཞེ་མཐུན་གྱི་ཚིག་དང
ཡིད་སེམས་འཕར་ལྡིང་བྱེད་པའི་འགྲོས་ཡིན
           ༢
དྲི་བསུང་ཐུལ་བའི་ཟེའུ་འབྲུ་ངམར་མོས
བརླན་བཤེར་གྱི་ལྡུམ་ར་རུ་སྔར་མེད་ཀྱི་མཛེས་སྡུག་སྦྱིན
གེ་སར་ལ་རོལ་བའི་གསེར་སྦྲང་དང་གཡུ་སྦྲང་གཉིས
ཇེ་ཉེ་ནས་ཇེ་ཉེ
ག་ལེར   ག་ལེར་ཕྲད་བྱུང
ལང་ཚོ་ཡི་གླུ་དབྱངས་ལེན་པའི་སྦྲང་ཆུང་གཉིས
གཞས་དང་གཞས་ཕྲད་པའི་སྐད་ཅིག་མའི་དུས་དེ་ལ
པད་མ་ལས་མཛེས་བའི་སེམས་པ་གཉིས་འདྲེས་བྱུང
ཁྲག་ཐིགས་དང་ཁྲག་ཐིགས་འདྲེས་བ་ཇི་བཞིན
ཆུ་བོ་དང་ཉ་མོ་འདྲེས་བ་ཇི་བཞིན
       ༣
གསེར་སྦྲང་དང་གཡུ་སྦྲང་གཉིས་དགའ་བའི་མྱོས
དམར་ཆུང་གི་སེམས་པ་གཉིས་གཅིག་དུ་འདྲེས
མཚམས་དང་ལན་རེར་ཐོས་པ་ནི
སྙིང་གཏམ་བརྗོད་པའི་ཞེ་མཐུན་གྱི་ཚིག་དང
ཡིད་སེམས་གཉིས་འཕར་ལྡིང་བྱེད་པའི་འགྲོས་ཡིན

                    

 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།