ཉ་མོ་ཆུ་ལ་རྐྱལ་བར་མཚར་དོན་ཅི།

འབའ་གངས་སྲས།༼ཟི་ཁྲོན༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-02


རང་བྱུང་རྫུན་གྱི་ཞྭ་མོ་སེམས་པར་བརྐོས་རྗེས།།
གཡོ་རྒྱུའི་ཆ་འཕྲིན་བཙན་པོའི་བང་སོར་བཏབ་སྐད།།
ཐེ་གཏོགས་དུང་གི་ན་ཟུག་སྤྲིན་དུ་སྤྱུགས་ཀྱང་།།
དབེན་པའི་བྲག་གི་འགྱུར་བ་ངག་གི་ལབ་ཟློས།།

 

སྨྲ་བརྗོད་གོས་ཀྱི་ཐང་ཆེན་བློ་ངོར་བཀྲམ་པས།།
འདར་རྒྱུགས་རྟ་ཕོའི་བང་རྩལ་གྲོགས་སུ་བཀུག་ཀྱང་།།
མྱ་ངན་སྡུག་གི་འཁོར་ལོ་རླུང་དུ་རྒྱུ་ཚེ།།
དཔའ་ངར་དོན་གྱི་འགོ་བ་ཁྲག་གིས་བརྫིས་ཡོང་།།

 

ངོ་མཚར་སྡུག་གི་གཟེར་མ་སེམས་ཀྱིས་བསྙལ་ཡང་།།
སྔ་ལྟས་ཁྱུང་གི་ཁྭ་ཏ་མགྲོན་དུ་བོས་ཏེ།།
དངངས་སྐྲག་དུས་ཀྱི་ལོ་མ་སྤང་ནས་བརྡོལ་ན།།
བརྔན་པའི་དུང་སྒྲ་རིང་མོ་ལྐུགས་ནས་འགྱེལ་ལམ།།

 

བསྲན་ཚུགས་ལུས་ཀྱི་རི་མོ་གད་པར་བཙུར་ནས།།
དགག་གླུའི་ཐ་ཚིག་སྙན་མོ་བྲག་ཅར་མཛེས་ཀྱང་།།
གོ་རྟོགས་རིག་པའི་སྒོར་མོ་མཆན་དུ་གཉེར་ནས།།
ཁ་ཡག་ཆང་གི་དཀར་ཡོལ་སེམས་ཀྱིས་དྲངས་ན།།

 

བདེན་པའི་ལོ་ཏོག་དགའ་བའི་ཚར་དུ་དངར་ནས།།
གོམས་པའི་ཇུས་ངན་བཟང་བོའི་ཚད་དུ་བསྒྲོན་ཡང་།།
དཀའ་སྤྱད་ཕག་གི་འགྲན་པ་གཅིག་དུ་ཟད་ཚེ།།
ཉ་མོ་ཆུ་ལ་རྐྱལ་བར་མཚར་དོན་ཅི་ཡོད།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉ་མོ་ཆུ་ལ་རྐྱལ་བར་མཚར་དོན་ཅི།

2011-06-02 འབའ་གངས་སྲས།༼ཟི་ཁྲོན༽ ཀློག་གྲངས། མཆན ཡོད།


རང་བྱུང་རྫུན་གྱི་ཞྭ་མོ་སེམས་པར་བརྐོས་རྗེས།།
གཡོ་རྒྱུའི་ཆ་འཕྲིན་བཙན་པོའི་བང་སོར་བཏབ་སྐད།།
ཐེ་གཏོགས་དུང་གི་ན་ཟུག་སྤྲིན་དུ་སྤྱུགས་ཀྱང་།།
དབེན་པའི་བྲག་གི་འགྱུར་བ་ངག་གི་ལབ་ཟློས།།

 

སྨྲ་བརྗོད་གོས་ཀྱི་ཐང་ཆེན་བློ་ངོར་བཀྲམ་པས།།
འདར་རྒྱུགས་རྟ་ཕོའི་བང་རྩལ་གྲོགས་སུ་བཀུག་ཀྱང་།།
མྱ་ངན་སྡུག་གི་འཁོར་ལོ་རླུང་དུ་རྒྱུ་ཚེ།།
དཔའ་ངར་དོན་གྱི་འགོ་བ་ཁྲག་གིས་བརྫིས་ཡོང་།།

 

ངོ་མཚར་སྡུག་གི་གཟེར་མ་སེམས་ཀྱིས་བསྙལ་ཡང་།།
སྔ་ལྟས་ཁྱུང་གི་ཁྭ་ཏ་མགྲོན་དུ་བོས་ཏེ།།
དངངས་སྐྲག་དུས་ཀྱི་ལོ་མ་སྤང་ནས་བརྡོལ་ན།།
བརྔན་པའི་དུང་སྒྲ་རིང་མོ་ལྐུགས་ནས་འགྱེལ་ལམ།།

 

བསྲན་ཚུགས་ལུས་ཀྱི་རི་མོ་གད་པར་བཙུར་ནས།།
དགག་གླུའི་ཐ་ཚིག་སྙན་མོ་བྲག་ཅར་མཛེས་ཀྱང་།།
གོ་རྟོགས་རིག་པའི་སྒོར་མོ་མཆན་དུ་གཉེར་ནས།།
ཁ་ཡག་ཆང་གི་དཀར་ཡོལ་སེམས་ཀྱིས་དྲངས་ན།།

 

བདེན་པའི་ལོ་ཏོག་དགའ་བའི་ཚར་དུ་དངར་ནས།།
གོམས་པའི་ཇུས་ངན་བཟང་བོའི་ཚད་དུ་བསྒྲོན་ཡང་།།
དཀའ་སྤྱད་ཕག་གི་འགྲན་པ་གཅིག་དུ་ཟད་ཚེ།།
ཉ་མོ་ཆུ་ལ་རྐྱལ་བར་མཚར་དོན་ཅི་ཡོད།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།