འཆི་བ།

 


བྲང་གཞུང་དུ་ལྗིད་ཀྱིས་ལྷུང་བའི་ཕ་བོང་དེས།
རྣམ་ཤེས་གཅིག་བུ་ཁེར་རྐྱང་དུ་སྒོར་དེད་འོངས་དུས།
རང་དབང་གི་འགྲུལ་བཞུད་ཅིག་ཇི་ལྟར་འཚོལ་སྟེ།
དུས་དེ་ཙ་ན།
ཁ་ཕྱོགས་ངེས་མེད་ཀྱི་རླུང་བུ་ཁོ་ན།
ལས་ཀྱིས་བསྐོས་པའི་བཞོན་པར་གྲུབ་ཡོད།
 
མདུན་ཕྱོགས་ནི་བརྒལ་དཀའ་བའི་མུན་པ་ཡིན་པར་བསམ་དུས།
སྐྱོ་དུང་དུང་གི་ཕྱི་མིག་ཁོ་ནས།
རླུང་གིས་འཁུར་ལེ་ཁད་ཀྱི་རྩི་ཤིང་རྐང་གཅིག་པོར།
རེ་བའི་ཞགས་པ་ཤུགས་ཀྱིས་འདེབས།
 
རྣམ་ཤེས་འདི་དུས་ཀྱི་སྙིགས་རོ་ལ་སྦང་ནས་རིང་བོ་ལོན་པས།
འཇུར་མིག་ཕྲ་མོ་དེར་ཤོང་ཐབས་མི་འདུག
ཐ་ན་ལྐོག་གྱུར་གྱི་ཕྱག་རྒྱ་དེ་དང་།
ཉམ་ཆུང་གི་རྣམ་འགྱུར་དེས་ཀྱང་།
འཆི་ཁ་མའི་གདུང་བ་མཚོན་ཐབས་མི་འདུག
 
                            ༢༠༡༡.༥.༥

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཆི་བ།

2011-05-27 འཆིང་གྲོལ། ཀློག་གྲངས། མཆན ཡོད།

 


བྲང་གཞུང་དུ་ལྗིད་ཀྱིས་ལྷུང་བའི་ཕ་བོང་དེས།
རྣམ་ཤེས་གཅིག་བུ་ཁེར་རྐྱང་དུ་སྒོར་དེད་འོངས་དུས།
རང་དབང་གི་འགྲུལ་བཞུད་ཅིག་ཇི་ལྟར་འཚོལ་སྟེ།
དུས་དེ་ཙ་ན།
ཁ་ཕྱོགས་ངེས་མེད་ཀྱི་རླུང་བུ་ཁོ་ན།
ལས་ཀྱིས་བསྐོས་པའི་བཞོན་པར་གྲུབ་ཡོད།
 
མདུན་ཕྱོགས་ནི་བརྒལ་དཀའ་བའི་མུན་པ་ཡིན་པར་བསམ་དུས།
སྐྱོ་དུང་དུང་གི་ཕྱི་མིག་ཁོ་ནས།
རླུང་གིས་འཁུར་ལེ་ཁད་ཀྱི་རྩི་ཤིང་རྐང་གཅིག་པོར།
རེ་བའི་ཞགས་པ་ཤུགས་ཀྱིས་འདེབས།
 
རྣམ་ཤེས་འདི་དུས་ཀྱི་སྙིགས་རོ་ལ་སྦང་ནས་རིང་བོ་ལོན་པས།
འཇུར་མིག་ཕྲ་མོ་དེར་ཤོང་ཐབས་མི་འདུག
ཐ་ན་ལྐོག་གྱུར་གྱི་ཕྱག་རྒྱ་དེ་དང་།
ཉམ་ཆུང་གི་རྣམ་འགྱུར་དེས་ཀྱང་།
འཆི་ཁ་མའི་གདུང་བ་མཚོན་ཐབས་མི་འདུག
 
                            ༢༠༡༡.༥.༥

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།