ཐོ་རེངས།

སེང་ཆེན།༼པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-25

 

ཐོ་རེངས་འདི
ངོ་ཚ་བྲལ་བའི་བོང་སེར་སྐྱ་ལྡང་ཞིག་དང་འདྲ་བར
མཚན་མོའི་རུམ་ཁོངས་ནས་མུན་པ་དང་ལྷན་དུ་འཁྲིག་པ་སྤྱད་སྤྱད་རྗེས
འདོད་ཆགས་ཀྱི་སྨྱོས་པའི་བྱ་ཕོ་དེའི་ངན་སྐུལ་འོག
ཇི་འདྲའི་ཚུལ་མཐུན་ཡིན་བདོག་གི་སྣང་བ་ཞིག་འཁྱེར་ནས
རྐང་འཇབ་ལག་འཇབ་ཀྱིས
གྲག་འགུལ་ཅི་ཡང་མེད་པར
གཉིད་མ་སད་ཀྱི་ཞོགས་པའི་ན་ཆུང་བུ་མོའི་རུམ་དུ་འཛུལ
བྱ་སྐད་ལན་གསུམ་གྲགས་པའི་དབྱངས་རྟ་ལ་ལྐོག་གསན་ནས་ཞོར
ཞོགས་པ་དེའི་མོ་མཚན་ནས་མེ་ཏོག་ལན་གསུམ་བཞད་དུ་བཅུག
འདབ་མ་ལནགསུམ་བཀད་པའི་ན་ཟུག་དེས
ཤར་རིའི་ཕག་ཏུ་ཡིབས་པའི་ཉི་གཞོན་ལའང
ཆགས་པ་ལན་གསུམ་བསླངས་པས་མཐོ་ས་ཞིག་ཏུ་འཛེགས་ནས་ལྐོག་ལྟ་མི་བྱེད་ཀ་མེད་བྱུང
ཧ་ཧ   ཐོ་རེངས་འདིས
ད་དུང་ས་ཆེན་གྱི་པང་ན
སྟོང་བསམ་དང་རྨི་ལམ་ལ་དགའ་མགུ་བསྐྱོད་པའི་སེམས་ཅན་དག་གི་ཕོ་མཚན་ཡང
ཞོགས་པའི་བདེ་གཉིད་ཀྱི་མོ་མཚན་ལས་མི་འདོད་བཙན་གྱིས་བཤངས་པ་་མ་ཡིན་ནམ
                                              
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐོ་རེངས།

2011-05-25 སེང་ཆེན།༼པེ་ཅིང༽ ཀློག་གྲངས། མཆན ཡོད།

 

ཐོ་རེངས་འདི
ངོ་ཚ་བྲལ་བའི་བོང་སེར་སྐྱ་ལྡང་ཞིག་དང་འདྲ་བར
མཚན་མོའི་རུམ་ཁོངས་ནས་མུན་པ་དང་ལྷན་དུ་འཁྲིག་པ་སྤྱད་སྤྱད་རྗེས
འདོད་ཆགས་ཀྱི་སྨྱོས་པའི་བྱ་ཕོ་དེའི་ངན་སྐུལ་འོག
ཇི་འདྲའི་ཚུལ་མཐུན་ཡིན་བདོག་གི་སྣང་བ་ཞིག་འཁྱེར་ནས
རྐང་འཇབ་ལག་འཇབ་ཀྱིས
གྲག་འགུལ་ཅི་ཡང་མེད་པར
གཉིད་མ་སད་ཀྱི་ཞོགས་པའི་ན་ཆུང་བུ་མོའི་རུམ་དུ་འཛུལ
བྱ་སྐད་ལན་གསུམ་གྲགས་པའི་དབྱངས་རྟ་ལ་ལྐོག་གསན་ནས་ཞོར
ཞོགས་པ་དེའི་མོ་མཚན་ནས་མེ་ཏོག་ལན་གསུམ་བཞད་དུ་བཅུག
འདབ་མ་ལནགསུམ་བཀད་པའི་ན་ཟུག་དེས
ཤར་རིའི་ཕག་ཏུ་ཡིབས་པའི་ཉི་གཞོན་ལའང
ཆགས་པ་ལན་གསུམ་བསླངས་པས་མཐོ་ས་ཞིག་ཏུ་འཛེགས་ནས་ལྐོག་ལྟ་མི་བྱེད་ཀ་མེད་བྱུང
ཧ་ཧ   ཐོ་རེངས་འདིས
ད་དུང་ས་ཆེན་གྱི་པང་ན
སྟོང་བསམ་དང་རྨི་ལམ་ལ་དགའ་མགུ་བསྐྱོད་པའི་སེམས་ཅན་དག་གི་ཕོ་མཚན་ཡང
ཞོགས་པའི་བདེ་གཉིད་ཀྱི་མོ་མཚན་ལས་མི་འདོད་བཙན་གྱིས་བཤངས་པ་་མ་ཡིན་ནམ
                                              
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།