ལྷ་རམས་པའི་དཀའ་ངལ།

མཆིམས་མཛོད་གླེགས་བམ་མཐུག་དང་གཅིག །མཚོ་ཊྲིཀ་མཆན་དཀྱུས་ནོར་ཉེ་གཉིས། །
རྣམ་འགྲེལ་གོམས་འདྲིས་ཆུང་དང་གསུམ།      །སློབ་དཔོན་དང་པོའི་དཀའ་ངལ་རེད། །
རང་འགྲེལ་ཡིག་ནོར་མང་དང་གཅིག            །རྩ་ཤེ་ཚིག་སྦྱོར་མཁྲེགས་དང་གཉིས། །
གསེར་ཕྲེང་འདོད་པ་མང་དང་གསུམ།           །སློབ་དཔོན་དང་པོའི་དཀའ་ངལ་རེད། །
པོད་ལྔ་བམ་ཚད་མཐུག་དང་གཅིག             །རང་སྦྱོང་དུས་ཚད་ཐུང་དང་གཉིས། །
དུས་གཅིག་བཀླག་རྒྱུ་མང་དང་གསུམ།           །ལྷ་རམས་སྤྱི་ཡི་དཀའ་ངལ་རེད། །
དཀར་ཟས་དར་སྲོལ་ཆེ་དང་གཅིག             །ཚོགས་འདུའི་སྒྲིག་གཞི་མང་དང་གཉིས། །
ཟས་བཅུད་མ་འདངས་སྡུག་བསྔལ་གསུམ།      །ལྷ་རམས་སྤྱི་ཡི་དཀའ་ངལ་རེད། །
ཚིག་ཇ་འཐུང་རྒྱུ་མང་དང་གཅིག                 །གཉིད་ཀྱི་དུས་ཚད་ཐུང་དང་གཉིས། །
བློ་རིག་དྲན་པ་མི་གཏན་གསུམ།                །ལྷ་རམས་སྤྱི་ཡི་དཀའ་ངལ་རེད། །
ཕྱི་ཡི་འབྱུང་བཞི་འཁྲུགས་དང་གཅིག           །ནང་གི་སེམས་འཚབ་ཆེ་དང་གཉིས།
གཅིན་པ་བབ་ཚད་མགྱོགས་དང་གསུམ།       །ལྷ་རམས་སྤྱི་ཡི་དཀའ་ངལ་རེད། །
མི་ལ་ཚོར་བ་མེད་དང་གཅིག                  །རང་ཉིད་བྲེལ་བ་ཆེ་དང་གཉིས། །
མ་འདྲེས་ཧེ་བག་ཆེ་འདི་གསུམ།               །ལྷ་རམས་སྤྱི་ཡི་དཀའ་ངལ་རེད། །
གློག་ལ་བརྟན་པོར་མེད་དང་གཅིག            །ཉི་གློག་སྤྲིན་པས་བསྒྲིབས་དང་གཉིས། །
ཡང་ལཱར་གསལ་ཆ་མེད་དང་གསུམ།           །ལྷ་རམས་སྤྱི་ཡི་དཀའ་ངལ་རེད། །
མཁས་པས་མཐོ་ས་བསམ་དང་གཅིག         །རྟུལ་བས་རང་སྐལ་མ་ཟིན་གཉིས། །
མཁས་བླུན་སྡུག་བསྔལ་མཉམ་པ་འདི།        །ལྷ་རམས་སྤྱི་ཡི་དཀའ་ངལ་རེད། །
ཁྱི་ནག་གཅན་སྤྱང་མང་དང་གཅིག            །ཁ་ཏའི་ཨག་སྐད་ཚ་དང་གཉིས། །
ཝ་མོའི་གོམས་འགྲོས་བྱམས་དང་གསུམ།     །སྤྱི་ཚོགས་འདི་ཡི་དཀའ་ངལ་རེད། །
གཉེན་ཉེ་རེ་བ་ཆེ་དང་གཅིག                   །རང་ཉིད་སྒྱིད་ལུག་ཆེ་དང་གཉིས། །
རྒྱུགས་སྤྲོད་དམ་དྲག་ཆེ་དང་གསུམ།           །གྱི་ན་བདག་གི་སྒེར་སྡུག་རེད། །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་རམས་པའི་དཀའ་ངལ།

2011-05-20 གཙང་ཁའི་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།