བརྩེ་བ་ལྐོག་ན་མོ།


དེ་རིང་གི་བར་སྣང་ན་སྤྲིན་པ་གཞི་ནས་མི་འདུག
ཉི་འོད་དང་ཐག་ཉེ་སར་གཅར་དུས
རྨི་ལམ་དེ་ཚ་བེར་བེར་གྱིས
ཕྱི་ལུས་ནས་ནང་སེམས་བར
བུད་ཤིང་ལྟར་ལྷག་མེད་དུ་སོང་བ་རེད

དྲན་པའི་མཁའ་དབྱིངས་དེ་ནས་རིམ་པ་ལྟར
འཛུམ་མདངས་ལ་ཕྱི་དྲན་བྱས་དུས
ཡང་བསྐྱར་སེམས་དགའ་ཞིག
ཆར་ཟིམ་བཞིན་བབ་པ་རེད
ངའི་ལུས་སེམས་བདེ་བས་གྲོལ་བར་གྱུར

རླུང་བུ་སུལ་སུལ་གཡུག་བྱུང་བའི་བར་དེར
ཆར་ཟིམ་ཅིག་ལ་རེ་བས་སྒུག་དུས
ང་ཁོ་ན་མེ་རུ་འབར་ཚར་བས
ཚོར་བ་ལ་བསིལ་གྲིབ་ཅི་ལྟར་ཡོད
ངའི་ལས་དབང་མུན་པས་གཡོག་པ་རེད

མུན་པ་རབ་རིབ་ཀྱི་དགུང་མོ་དེའི་བར་གསེང་ན
སུན་སྣང་གིས་གཟེར་བའི་རྙིང་ཤ
མཆི་མ་རྡོག་རེ་བོར་བའི་ཤུལ་ན
འཇམ་ཐང་ཐང་གི་མཚན་ལྗོངས་དེར
ངའི་སེམས་དཀྱིལ་ལ་ཅི་ཞིག་བསྒོམ་ཡོད་་་་

                          ༢༠༡༡   ༥   ༡༢  བྲིས།


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་བ་ལྐོག་ན་མོ།

2011-07-26 མི་རྟག་ལྷ་མོ། ཀློག་གྲངས། མཆན ཡོད།


དེ་རིང་གི་བར་སྣང་ན་སྤྲིན་པ་གཞི་ནས་མི་འདུག
ཉི་འོད་དང་ཐག་ཉེ་སར་གཅར་དུས
རྨི་ལམ་དེ་ཚ་བེར་བེར་གྱིས
ཕྱི་ལུས་ནས་ནང་སེམས་བར
བུད་ཤིང་ལྟར་ལྷག་མེད་དུ་སོང་བ་རེད

དྲན་པའི་མཁའ་དབྱིངས་དེ་ནས་རིམ་པ་ལྟར
འཛུམ་མདངས་ལ་ཕྱི་དྲན་བྱས་དུས
ཡང་བསྐྱར་སེམས་དགའ་ཞིག
ཆར་ཟིམ་བཞིན་བབ་པ་རེད
ངའི་ལུས་སེམས་བདེ་བས་གྲོལ་བར་གྱུར

རླུང་བུ་སུལ་སུལ་གཡུག་བྱུང་བའི་བར་དེར
ཆར་ཟིམ་ཅིག་ལ་རེ་བས་སྒུག་དུས
ང་ཁོ་ན་མེ་རུ་འབར་ཚར་བས
ཚོར་བ་ལ་བསིལ་གྲིབ་ཅི་ལྟར་ཡོད
ངའི་ལས་དབང་མུན་པས་གཡོག་པ་རེད

མུན་པ་རབ་རིབ་ཀྱི་དགུང་མོ་དེའི་བར་གསེང་ན
སུན་སྣང་གིས་གཟེར་བའི་རྙིང་ཤ
མཆི་མ་རྡོག་རེ་བོར་བའི་ཤུལ་ན
འཇམ་ཐང་ཐང་གི་མཚན་ལྗོངས་དེར
ངའི་སེམས་དཀྱིལ་ལ་ཅི་ཞིག་བསྒོམ་ཡོད་་་་

                          ༢༠༡༡   ༥   ༡༢  བྲིས།


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།