རྐུ་མ་སླེབས་བྱུང་།

ཁ་ནུབ་དགོང་མོར་ཉལ་ནས་ཡུན་རིང་མ་སོང་གོང་གསོལ་འགྲོན་ཁང་དུ་བྱི་བ་ཕག་མཆུ་མ་སྨད་གཉིས་འཛུལ་ནས་ཅ་དངོས་གང་ཞིག་ཟ་བའི་སྒྲ་དང་ཆག་སྒྲ་བསྒྲགས་ནས་གཉིད་དུ་མ་འཇུག
ང་ཡར་ལངས་ནས་ཆུང་ཆུང་དེ་ཕྱིར་ཕུད།
ཆེན་པོ་དེ་ལས་ཀྱི་གཤིན་རྗེའི་ཁར་ལྷམ་ཆག་ཅིག་གིས་སྐྱེལ་མ་བྱས།
དེའི་རྗེས་གཉིད་མ་བྱུང་ནས་ཆུ་ཚོད་༢དང་ཕྱེད་བར་ལུས་སོང་།
དེ་རིང་ཉིན་གུང་ལའང་གཉིད་ཡག་པོ་ཞིག་མ་བྱུང་།
སྐབས་འཁེལ་ནས་དོ་དགོང་ཆུ་ཚོད་༡༡ དང་ཕྱེད་ཙམ་ནས་གློག་ཤི་སོང་།
དེ་མཚམས་ང་ཉལ་བའི་ལྟ་གོན་ལ་ཞུགས་ཀྱང་།
རང་ཡུལ་དུ་སྐུ་ཞབས་སྐྱབས་མགོན་རིན་པོ་ཆེས་དགོན་དུ་སྒྲིག་ཁྲིམས་ལམ་བསྟར་གྱིས་དགེ་འདུན་པ་རྣམས་ཀྱི་བཞུགས་ཤག་སྔོགས་ནས་སྒྲ་འཛིན་འཕྲུལ་འཁོར་དང་།
པར་ཆས། ལག་ཁྱེར་ཁ་པར(བཞི་བཅུ་ལྷག་ཡོད་ཚད།
་གཞིས་དགོན་དུ་དགེ་འདུན་པས་ཁ་པར་ཁུར་མི་ཆོག)།
གཞན་སྟོད་གོས་ཕུང་ཐུང་ཅན་རིགས་ཕྲོགས་ནས་མེ་ལ་བསྲེགས་པ་དང་།
ཡུལ་དགོན་གཉིས་ལ་བཀའ་སློབ་གནང་ཚུལ་སོགས་ཀྱི་འོད་སྡེར་ཞིག་འདུག་པ་དེར་བལྟས་ནས་དངོས་གནས་ཉལ་དུས་ཆུ་ཚོད་༡༢སྐར་ཆ༥༥ཏག་ཏག་རེད་འདུག
གཉིད་ནས་རྒྱུན་རིང་མ་སོང་བར་འདི་ཡིན་མེད་པའི་ཀུན་རྟོག་ཅིག་གིས་གློར་བུར་དུ་ང་གཉིད་ལས་སད།
མཚམས་དེར་ངའི་སྒེའུ་ཁུང་ལས་སྒེའུ་རས་ཕྱི་ལ་འཐེན་གྱིན་ཡོད་པའི་ཚོར་སྣང་ཞིག་བྱུང་།
ངས་ཅི་ཡིན་མ་ཤེས་ནས་ཅུང་བསྡད་དུས་སྔོན་མའི་བག་ཆགས་ལྟ་བུ་ཞིག་གམ་ཅི་ཡིན་མ་ཤེས་ཐལ།
ངའི་སྙིང་རྩ་འཕགས་འཚག་བྱེད་ཀྱིན། དེ་མཚམས་རྐུ་མ་ཡིན་པར་ཤེས་སོང་།
བློ་ལྷད་དུ་བབས་ནས་འགུལ་ཀྱོག་མ་བརྒྱག་པར་ལྟ་སྡོད་དུས།
རྒྱ་གར་རྐུ་མས་ངའི་ཤག་གི་ནང་ལ་གློག་ཞུན་བརྒྱབ་ནས་ཅི་འདུག་དང༌།
ང་གཉིད་ཡོད་མེད་དཔྱད་ཕྱིར་ངའི་གདོང་ལ་འང་གློག་རྒྱབ་ཀྱིན་འདུག
དེ་མཚམས་ཁོས་སྙིང་ལ་ཚ་དྲོད་ཅིག་འཁོལ་བྱུང་། གང་ཡིན་ཞེ་ན།
ངའི་མདུན་ཅོག་ཐོག་ཏུ་གློག་ཀླད་དང་ལག་ཁྱེར་ཁ་པར་སོགས་བཞག་ཡོད།
རྐུ་མ་སྒེའུ་ཁུང་ལས་ཡར་འཛེག་ནས་ལྟ་སོང་ལ།
ཡིན་ཀྱང་གློག་ཀླད་སོགས་མར་ལེན་པའི་ཐབས་ཤེས་ཤིག་རེག་གི་མི་འདུག
སླར་མར་བབས་སོང༌།
རེད་དེ་ང་ལའ་རྐུ་མར་རྒྱག་བྱེད་ཡག་པོ་ཞིག་རེག་ཀྱིན་མི་འདུག་པས་ལག་པ་དང་གློག་ཞུན་ནང་དུ་ཡར་བཅུག་སོང་ན་ལག་པར་འཇུས་ནས་གློག་ཞུན་འཕྲོག་ཆོག་ས་རེད་དྲན།
ཁོས་ཀྱང་ངའི་བསམ་དོན་དེ་ཤེས་པ་དང་མཚུངས་པ་ནང་དུ་ཡར་བརྐྱངས་ཀྱི་མི་འདུག
དེ་ནས་ཁོས་རྒྱུག་པ་འཛུགས་ཀྱིན་འདུག
རྒྱུགས་པས་གློག་ཀླད་ལ་ཐུག་ན་སྐྱོན་བཟོ་དོགས་ཀྱིས་ངས་གློ་བུར་དུ་རྒྱུག་པར་འཇུས་ནས་ཡར་འཐེན་ཞིང་།
རྐུ་མའི་དགོང་ལ་མཆི་ཞགས་ཞིག་བཏབ་པ་ཙམ་ལས་ཅི་བྱ་མ་བྱུང་ལ།
དེ་མཚམས་རྐུ་མ་ནི་བྲོས་སོང༌།
ཡར་ལངས་ནས་ཡར་རྒྱུགས་མར་རྒྱུགས་བྱས་ཀྱང་རྐུ་མའི་གྲིབ་གཟུགས་ཀྱང་མ་མཐོང་།
ཡར་ཡོང་ནས་སྒེའུ་ཕྱེས་ནས་ཅུང་བསྒུགས་རྩིས་ཀྱང་སང་ཞོགས་ལངས་རྒྱུར་གནོད་པ་དོགས་ནས་ཨུ་ཚུགས་ཀྱིས་གཉིད་ཀྱི་ཞིང་ཁམས་སུ་ཞུགས་རྒྱུའི་ལྟ་གོན་བྱས་པ་ཡིན།
མ་རྨོས་པའི་ལོ་ཐོག་སྐྱེས་ནས་མི་གབ་ཆོག་པའི་དུས་ཚིགས་འདི་ནི་སེ་ར་དགོན་མཐའི་ཡུལ་མི་རྒྱ་གར་རྣམས་དགོན་ནང་རྐུ་མར་ཡོང་བའི་དུས་ཚད་དེ་རེད།
མི་ཁ་ཤས་ཤིག་གིས་རྐུ་མ་བརྡུངས་ནས་རྨས་སྐྱོན་ཅུང་བཏང་བར་སླར་རྐུ་མར་སྨན་རིན་སྤྲོད་དགོས་ཐུག་པའི་ལོ་རྒྱུས་ཀྱང་ཡོད།
མདོར་ན་སེར་དགོན་ཉེར་འགྲམ་གྱི་ཡུལ་མི་ཁག་ཅིག་སྤྱོད་པ་ཧ་ཅང་ངན་ཡང་གཞུང་སྒེར་སུ་ཞིག་ཐུག་པ་འཐུང་རིང་སྦ་མི་ལོག་པའི་རེ་བ་རང་ལ་བཅོལ་ནས་མིག་རྒྱངས་གང་ལས་སུ་ཞིག་གིས་མཐོང་གིན་མེད་པ་རེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྐུ་མ་སླེབས་བྱུང་།

2011-07-22 གཙང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།