གླང་དར་མ་དྲན་ཚུལ།

ཀླད་གོར།༼རྨ་ལྷོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-07-20


དེ་རིང  ངས་གཡའ་དག་པའི་ནམ་མཁའ་ཞིག་གི་ཆེད་དུ་ཁྱོད་དྲན་གི
ཁོད་ཡངས་པའི་རྩྭ་ཐང་ཞིག་གི་ཆེད་དུ་ཁྱོད་དྲན་གི
སྐྱ་མི་ཁོར་བའི་རིག་གནས་ཤིག་གི་ཆེད་དུ་ཁྱོད་དྲན་གི
ངས་ཡང་བསྐྱར་ཁྱོད་ཀྱི་སྙིང་སྟོབས་དེ་སླར་གསོ་བྱེད་ཐུབ་ན་བསམ་གི
ཁྱོད་ཀྱི་སྙིང་ཀར་བསྣུན་པའི་མདའ་མོ་དེ་ཕྱིར་ལྡོག་ཡོད་ན་བསམ་གི
ཡིན་ནའང  ཁྱོད་བཞུད་ནས་མི་ལོ་བརྒྱ་ཕྲག་མང་བོ་ཞིག་རེད
 
ཁྱོད་བཀྲོང་དུས  མིག་ཆུ་བཞུར་སླ་བའི་མི་རིགས་འདིས་མིག་ཆུ་མ་བཏོན
ཁྱོད་བཀྲོང་དུས  བོད་ཆོས་ལྡན་གྱི་ཞིང་ནས་མཆོད་མེ་མ་བསྒྲོན
ཉི་མ་དེ་ནས་བཟུང  ཁྱོད་བདུད་རི་ཧ་ཤང་ལས་རིང་བའི་ཐག་རིང་དེར་བུད་སོང
 
ཡང་བསྐྱར་མི་ལུས་ཤིག་བླངས་ཡོད་པའི་དབང་དུ་བུ་བཏང་ན
དུས་རབས་བཅུ་དགུ་བའི་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ཡིན་སྲིད
ཡང་ན  ཉེ་རབས་ཀྱི་རེབ་གོང་བ་དགེ་འདུན་ཆོས་འཕེལ་ཡིན་སྲིད
ད་དུང 
                                            2010.1.7ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གླང་དར་མ་དྲན་ཚུལ།

2011-07-20 ཀླད་གོར།༼རྨ་ལྷོ༽ ཀློག་གྲངས། མཆན ཡོད།


དེ་རིང  ངས་གཡའ་དག་པའི་ནམ་མཁའ་ཞིག་གི་ཆེད་དུ་ཁྱོད་དྲན་གི
ཁོད་ཡངས་པའི་རྩྭ་ཐང་ཞིག་གི་ཆེད་དུ་ཁྱོད་དྲན་གི
སྐྱ་མི་ཁོར་བའི་རིག་གནས་ཤིག་གི་ཆེད་དུ་ཁྱོད་དྲན་གི
ངས་ཡང་བསྐྱར་ཁྱོད་ཀྱི་སྙིང་སྟོབས་དེ་སླར་གསོ་བྱེད་ཐུབ་ན་བསམ་གི
ཁྱོད་ཀྱི་སྙིང་ཀར་བསྣུན་པའི་མདའ་མོ་དེ་ཕྱིར་ལྡོག་ཡོད་ན་བསམ་གི
ཡིན་ནའང  ཁྱོད་བཞུད་ནས་མི་ལོ་བརྒྱ་ཕྲག་མང་བོ་ཞིག་རེད
 
ཁྱོད་བཀྲོང་དུས  མིག་ཆུ་བཞུར་སླ་བའི་མི་རིགས་འདིས་མིག་ཆུ་མ་བཏོན
ཁྱོད་བཀྲོང་དུས  བོད་ཆོས་ལྡན་གྱི་ཞིང་ནས་མཆོད་མེ་མ་བསྒྲོན
ཉི་མ་དེ་ནས་བཟུང  ཁྱོད་བདུད་རི་ཧ་ཤང་ལས་རིང་བའི་ཐག་རིང་དེར་བུད་སོང
 
ཡང་བསྐྱར་མི་ལུས་ཤིག་བླངས་ཡོད་པའི་དབང་དུ་བུ་བཏང་ན
དུས་རབས་བཅུ་དགུ་བའི་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ཡིན་སྲིད
ཡང་ན  ཉེ་རབས་ཀྱི་རེབ་གོང་བ་དགེ་འདུན་ཆོས་འཕེལ་ཡིན་སྲིད
ད་དུང 
                                            2010.1.7ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།