བུ་མོ་དང་ཨ་རག་མཉམ་དུ་འཐུང་དུས།

བྱ་དོར་ཕུན་ཚོགས་དབང་ཕྱུག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-07-19


ཆང་ཕོར་གང་གི་བཟི་མདངས་ལས།
བུ་མོ་ཞིག་ལྦུ་དཀར་དང་ལྷན་དུ་འཛུམ་ཤིག་ཤིག་ངང་ལྡེམ་བྱུང༌།
ཚོར་བས་བསྐྲུན་པའི་སྤྱིལ་བུ་དེའི་བར་སྣང་ངོགས་སུ།
ཟླ་འོད་ནི་ཁེར་རྐྱང་གི་སེམས་པ་གསོ་བའི་ལྷ་ཡི་རོལ་དབྱངས་དང་འདྲ་བར།
ངའི་སྐྱོ་གདུང་གི་རླབས་རྒྱུན་དལ་བུར་འཇགས།

མཚན་མོ་རེ་རེ།
བུ་མོ་དང་ཨ་རག་མཉམ་དུ་འཐུང་དུས།
མི་ཚེ་མ་གཞི་ནས།
འཁྲུལ་སྣང་དང་སྒྱུ་མའི་བསྡུས་གཟུགས་སུ་གྲུབ་པའི་གཏན་ཚིགས་ལ་ངེས་ཤེས་བརྙེད།

ཕོ་རྒོད་ཀྱི་ལ་རྒྱ་གླེང་དགོས་ཚེ།
འཛུམ་མདངས་དང་བསླུ་བྲིད་ཀྱི་གྲིབ་འོག་ལས་འདའ་དགོས་པ་བདེན་ཆེ་ཡང༌།
རྙོག་མར་བསྲེས་པའི་ནད་ཡམས་དེའི་རྒྱུན་ཐག་ཆད་ཨེ་མྱོང་།

མཚན་མོའི་ཐུན་མཚམས་གསུམ་པར་སླེབས་ཟིན་རུང༌།
ང་སྔར་བཞིན་སམ་གཞིགས་དང་མེད་མུག་གི་དུ་སྣེ་སྒྲོན་བཞིན་མཆིས།
གསང་བ་དེའི་རྫ་བུམ་སིལ་བུར་གཏོར་ཕྱིར།
ངས་བསྐྱར་དུ།
‘‘སྐར་མ། བདག་ལ་ཁྲེལ་དགོད་མ་བྱེད་ཅིག་ལབ་དགོས་གྱུར།’’
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ་དང་ཨ་རག་མཉམ་དུ་འཐུང་དུས།

2011-07-19 བྱ་དོར་ཕུན་ཚོགས་དབང་ཕྱུག ཀློག་གྲངས། མཆན ཡོད།


ཆང་ཕོར་གང་གི་བཟི་མདངས་ལས།
བུ་མོ་ཞིག་ལྦུ་དཀར་དང་ལྷན་དུ་འཛུམ་ཤིག་ཤིག་ངང་ལྡེམ་བྱུང༌།
ཚོར་བས་བསྐྲུན་པའི་སྤྱིལ་བུ་དེའི་བར་སྣང་ངོགས་སུ།
ཟླ་འོད་ནི་ཁེར་རྐྱང་གི་སེམས་པ་གསོ་བའི་ལྷ་ཡི་རོལ་དབྱངས་དང་འདྲ་བར།
ངའི་སྐྱོ་གདུང་གི་རླབས་རྒྱུན་དལ་བུར་འཇགས།

མཚན་མོ་རེ་རེ།
བུ་མོ་དང་ཨ་རག་མཉམ་དུ་འཐུང་དུས།
མི་ཚེ་མ་གཞི་ནས།
འཁྲུལ་སྣང་དང་སྒྱུ་མའི་བསྡུས་གཟུགས་སུ་གྲུབ་པའི་གཏན་ཚིགས་ལ་ངེས་ཤེས་བརྙེད།

ཕོ་རྒོད་ཀྱི་ལ་རྒྱ་གླེང་དགོས་ཚེ།
འཛུམ་མདངས་དང་བསླུ་བྲིད་ཀྱི་གྲིབ་འོག་ལས་འདའ་དགོས་པ་བདེན་ཆེ་ཡང༌།
རྙོག་མར་བསྲེས་པའི་ནད་ཡམས་དེའི་རྒྱུན་ཐག་ཆད་ཨེ་མྱོང་།

མཚན་མོའི་ཐུན་མཚམས་གསུམ་པར་སླེབས་ཟིན་རུང༌།
ང་སྔར་བཞིན་སམ་གཞིགས་དང་མེད་མུག་གི་དུ་སྣེ་སྒྲོན་བཞིན་མཆིས།
གསང་བ་དེའི་རྫ་བུམ་སིལ་བུར་གཏོར་ཕྱིར།
ངས་བསྐྱར་དུ།
‘‘སྐར་མ། བདག་ལ་ཁྲེལ་དགོད་མ་བྱེད་ཅིག་ལབ་དགོས་གྱུར།’’
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།