མག་མོག་གི་འཇིག་རྟེན་ཁྲོད་ཀྱི་གྲིབ་གཟུགས།


རྒྱུ་རྐྱེན་དེའི་དབང་གིས།
ཁྱོད་རང་ང་ཡི་མིག་མདུན་དུ་བཞད་ཀྱང་དུངས་ཞེན་གྱིས་འཚོ།
སྐམ་རུལ་དུ་གྱུར་བའི་རྣམ་ཤེས་ཚོགས་ལ་གསོན་ཤུགས་ཀྱི་ལང་ཚོས་བཀྲག་མདངས་རྒྱས།
ང་ཡི་ཡུལ་ལྗོངས་འདི་དབྱར་གཞུང་གང་དེའི་གཏན་སྡོད་དུ་གྱུར་ཞིང་།
དབྱར་གཞུང་དེ་ཡང་ང་ཡི་མ་བོས་པའི་མགྲོན་པོ་ཁོ་ན་དེ་ལགས་སོ།
བྱ་ཚོགས་ཀྱི་སྟངས་སྟབས། འཇོལ་མོ་ཡི་གསུང་སྐད།
འཇིག་རྟེན་འདིའི་རྣམ་པ་ཐམས་ཅད་དུ་རྟོགས་ཨང་།

རྒྱུ་རྐྱེན་དེའི་དབང་གིས།
སྨིན་བཞིན་པའི་ལོ་ཏོག་ཁ་བས་ཟོས་ཤིང་།
སེམས་ཁོང་གི་བདེན་པ་རྫུན་གྱིས་བསླུས་སོང་།
འབྲི་བཞིན་པའི་སྙན་ངག་ལ་ཆག་སྐྱོན་ཤོར་ཞིང་།
བརྗིད་དྲགས་པའི་ཐ་སྙད་ཀྱི་ཚོགས་ལ་རང་ཚུགས་ཤོར་སོང་།
འགྲོ་བཞིན་པའི་གོམ་ཁ་ས་ལ་འགྱེལ་ཞིང་།
གཅིག་ཤོར་གཉིས་ཤོར་ཡོད་ཚད་ཤོར།
གཅིག་མིན་གཉིས་མིན་ཐམས་ཅད་སྟོང་།

རྒྱུ་རྐྱེན་དེའི་དབང་གིས།
ཡོད་ཚད་ལ་རྫོགས་ཚིག་འབྲི་དགོས་བྱུང་།
རྒྱུ་རྐྱེན་དེའི་དབང་གིས།
ཡོད་ཚད་ཀྱི་ཡོད་ཚད་དེ་རིང་ནས་མགོ་བརྩམས་དགོས་བྱུང་།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མག་མོག་གི་འཇིག་རྟེན་ཁྲོད་ཀྱི་གྲིབ་གཟུགས།

2011-07-14 འབའ་ཚེ་སྨྱོན། ཀློག་གྲངས། མཆན ཡོད།


རྒྱུ་རྐྱེན་དེའི་དབང་གིས།
ཁྱོད་རང་ང་ཡི་མིག་མདུན་དུ་བཞད་ཀྱང་དུངས་ཞེན་གྱིས་འཚོ།
སྐམ་རུལ་དུ་གྱུར་བའི་རྣམ་ཤེས་ཚོགས་ལ་གསོན་ཤུགས་ཀྱི་ལང་ཚོས་བཀྲག་མདངས་རྒྱས།
ང་ཡི་ཡུལ་ལྗོངས་འདི་དབྱར་གཞུང་གང་དེའི་གཏན་སྡོད་དུ་གྱུར་ཞིང་།
དབྱར་གཞུང་དེ་ཡང་ང་ཡི་མ་བོས་པའི་མགྲོན་པོ་ཁོ་ན་དེ་ལགས་སོ།
བྱ་ཚོགས་ཀྱི་སྟངས་སྟབས། འཇོལ་མོ་ཡི་གསུང་སྐད།
འཇིག་རྟེན་འདིའི་རྣམ་པ་ཐམས་ཅད་དུ་རྟོགས་ཨང་།

རྒྱུ་རྐྱེན་དེའི་དབང་གིས།
སྨིན་བཞིན་པའི་ལོ་ཏོག་ཁ་བས་ཟོས་ཤིང་།
སེམས་ཁོང་གི་བདེན་པ་རྫུན་གྱིས་བསླུས་སོང་།
འབྲི་བཞིན་པའི་སྙན་ངག་ལ་ཆག་སྐྱོན་ཤོར་ཞིང་།
བརྗིད་དྲགས་པའི་ཐ་སྙད་ཀྱི་ཚོགས་ལ་རང་ཚུགས་ཤོར་སོང་།
འགྲོ་བཞིན་པའི་གོམ་ཁ་ས་ལ་འགྱེལ་ཞིང་།
གཅིག་ཤོར་གཉིས་ཤོར་ཡོད་ཚད་ཤོར།
གཅིག་མིན་གཉིས་མིན་ཐམས་ཅད་སྟོང་།

རྒྱུ་རྐྱེན་དེའི་དབང་གིས།
ཡོད་ཚད་ལ་རྫོགས་ཚིག་འབྲི་དགོས་བྱུང་།
རྒྱུ་རྐྱེན་དེའི་དབང་གིས།
ཡོད་ཚད་ཀྱི་ཡོད་ཚད་དེ་རིང་ནས་མགོ་བརྩམས་དགོས་བྱུང་།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།