མྱ་ངམ་ཐང་གི་ཆུ་མིག


དམག་རྟས་བསྒྱུར་བའི་ཁ་སང་གི་འཇིག་རྟེན
རྟ་ཕོའི་རྨིག་རྗེས་སུ
གཤེར་བར་བལྟམས་པ
གཤིན་རྗེའི་མེ་ལོང
སྙིང་རྗེའི་མིག་ཆུ
ཡང་ན
དམག་རྟའི་ངལ་དུབ་ཀྱི་རྔུལ་ཆུས་གྲུབ་པ་ཞིག
གང་ལྟར
བཙན་དྲག་གིས་བསླངས་པའི་སྤོབས་སེམས་ཞིག་གིས
རྔུལ་ཁྲག་གི་ཐིགས་པ་གང་མང་ཞིག་ཀྱང་བསྣན་ཡོད་ངེས་དེ
ཡིན་ན་ཡང
འཛེམ་དོགས་དང་ཡི་ཆད་ཀྱིས་དམོད་བོར་མ་མྱོང་བར
སྙིང་སྟོབས་ལ་ངར་ཤུགས་ཐེངས་མང་བསྩལ
 
གཞན་ཡུལ་གྱི་མཆོད་ཆུའི་ཐིགས་པ་ཁ་རུ་གཏོར་བས
ང་ནི་ལྷ་ཀླུ་གཉན་གསུམ་དང་གདོན་འདྲེ་བགེགས་གསུམ་གྱི
རྩོད་ཡུལ་འབའ་ཞིག་ཏུ་གྱུར
དུས་རླུང་གི་རྡུལ་འཚུབ་བསྟུད་མར་གཡུག་པས
ཁོང་ཁྲོ་དང་ན་ཟུག་གི་ཨམ་གཙིགས་ཡང་ཡང་བསྡམས་ཀྱང
འཁྲུག་རྩོད་ཀྱི་ནད་དུག་ལུས་གསེང་ལ་འཐིམ་པས
ངའི་སྙིང་ཁར་ཟུག་གཟེར་སྐྱེད་ཅིང
ཕྱོགས་བཞི་ཡི་གད་སྙིགས་ཕུང་བོར་སྤུང་བས
ངའི་སྐྱེས་ལུས་རྙིང་རུལ་གྱི་བེམ་རོར་གྱུར
ད་དུང
རྒྱང་རིང་ནས་བོས་པའི་ཆོས་དུང་གི་སྒྲ་དེས
ང་རང་སྐྱབས་བཅོལ་ལ་དགའ་བའི
བྲན་གཤིས་འཛིན་མཁན་ཞིག་ཏུ་བསྒྱུར

ཕྱག་ཟུང་ཐལ་མོ་སྦྱར་ཞིང་མིག་ཟུང་བཙུམ་དུས
ངའི་དྲན་པའི་ཀླུང་གི་འཇིག་རྟེན་དེ
ལན་རེར     མུན་པའི་ཁམས
ལན་རེར     སྐྱ་བོའི་ཐང
ལན་རེར     དམར་བོའི་ཡུལ
 
ཡུན་རིང་བོར་དེ་ལྟར་བསྡད་ནས
ཡུན་རིང་བོར་དེ་ལྟར་བསྒུག་ཀྱང
ངའི་དད་པའི་མགོན་སྐྱབས་དེ་གང་ན
                      ༢༠༡༡.༦.༡

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མྱ་ངམ་ཐང་གི་ཆུ་མིག

2011-07-13 སྙིང་གསོན་པོ། ཀློག་གྲངས། མཆན ཡོད།


དམག་རྟས་བསྒྱུར་བའི་ཁ་སང་གི་འཇིག་རྟེན
རྟ་ཕོའི་རྨིག་རྗེས་སུ
གཤེར་བར་བལྟམས་པ
གཤིན་རྗེའི་མེ་ལོང
སྙིང་རྗེའི་མིག་ཆུ
ཡང་ན
དམག་རྟའི་ངལ་དུབ་ཀྱི་རྔུལ་ཆུས་གྲུབ་པ་ཞིག
གང་ལྟར
བཙན་དྲག་གིས་བསླངས་པའི་སྤོབས་སེམས་ཞིག་གིས
རྔུལ་ཁྲག་གི་ཐིགས་པ་གང་མང་ཞིག་ཀྱང་བསྣན་ཡོད་ངེས་དེ
ཡིན་ན་ཡང
འཛེམ་དོགས་དང་ཡི་ཆད་ཀྱིས་དམོད་བོར་མ་མྱོང་བར
སྙིང་སྟོབས་ལ་ངར་ཤུགས་ཐེངས་མང་བསྩལ
 
གཞན་ཡུལ་གྱི་མཆོད་ཆུའི་ཐིགས་པ་ཁ་རུ་གཏོར་བས
ང་ནི་ལྷ་ཀླུ་གཉན་གསུམ་དང་གདོན་འདྲེ་བགེགས་གསུམ་གྱི
རྩོད་ཡུལ་འབའ་ཞིག་ཏུ་གྱུར
དུས་རླུང་གི་རྡུལ་འཚུབ་བསྟུད་མར་གཡུག་པས
ཁོང་ཁྲོ་དང་ན་ཟུག་གི་ཨམ་གཙིགས་ཡང་ཡང་བསྡམས་ཀྱང
འཁྲུག་རྩོད་ཀྱི་ནད་དུག་ལུས་གསེང་ལ་འཐིམ་པས
ངའི་སྙིང་ཁར་ཟུག་གཟེར་སྐྱེད་ཅིང
ཕྱོགས་བཞི་ཡི་གད་སྙིགས་ཕུང་བོར་སྤུང་བས
ངའི་སྐྱེས་ལུས་རྙིང་རུལ་གྱི་བེམ་རོར་གྱུར
ད་དུང
རྒྱང་རིང་ནས་བོས་པའི་ཆོས་དུང་གི་སྒྲ་དེས
ང་རང་སྐྱབས་བཅོལ་ལ་དགའ་བའི
བྲན་གཤིས་འཛིན་མཁན་ཞིག་ཏུ་བསྒྱུར

ཕྱག་ཟུང་ཐལ་མོ་སྦྱར་ཞིང་མིག་ཟུང་བཙུམ་དུས
ངའི་དྲན་པའི་ཀླུང་གི་འཇིག་རྟེན་དེ
ལན་རེར     མུན་པའི་ཁམས
ལན་རེར     སྐྱ་བོའི་ཐང
ལན་རེར     དམར་བོའི་ཡུལ
 
ཡུན་རིང་བོར་དེ་ལྟར་བསྡད་ནས
ཡུན་རིང་བོར་དེ་ལྟར་བསྒུག་ཀྱང
ངའི་དད་པའི་མགོན་སྐྱབས་དེ་གང་ན
                      ༢༠༡༡.༦.༡

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།