སྡོང་ཀོག་གི་སྦུབས་སུ་རུལ་བའི་གཟི་ཚ་པ།

                                                       ___གཟི་ཚ་སྡེ་དགུས་བཙིར་བའི་གདོང་ཁུག་གི་མིག་ཆུ་འགའ།
གོ་ཚོད་ལ་སྡོང་ཀོག་དེ་དག་ལས་དཔྱངས་པའི་རིལ་བུ་དེ་བིམ་ཟས་ཤིག་རེད་ཟེར
ཉག་ག་འདིའི་ཕར་རྒྱབ་ཀྱི་ཅོ་སེར་ཅན་དག་གིས་མཆིལ་མིད་འཆོར་གྱིན་འདུག
ཐོས་ཚོད་དུ
སྟེགས་རིམ་དུ་འཁྱིལ་བའི་ཆུ་མིག་དེ་ཨ་རག་ཅིག་རེད་ཟེར
རྒྱ་མཚོ་འདིའི་ཕ་རོལ་ཀྱི་སྨ་ར་ཅན་དག་ཀྱང་འཁྱོར་གྱིན་འདུག
ཡིན་ནའང མགོ་བོ་རས་ནག་གིས་དགུ་སྤྲས་ཤིག་བརྒྱབས་ཏེ
མཚམས་ཆད་མ་མྱོང་བའི་ཅོང་དུས་ཀྱི་སྐག་སྒྲའི་ཁྲོད
རི་མཐོན་པོའི་འདོམ་ཁུག་ཏུ་གཉིད་ལ་ཤོར་ཟིན
སྡོང་ཀོག་རྒས་འདུག  ཆུ་མིག་དེ་དག་ཀྱང་རྒས་འདུག
གཟི་ཚ་པའི་ཁ་ལག་དང་རྐང་བའི་བར་དོ་རུ

ལོ་རྒྱུས་ལའང་ཚ་ནད་ཅིག་ཐེབས་ཡོད་པ་འདྲ
དོན་དུ གཡའ་དྲི་བྲོ་བའི་ཕ་བོང་གི་འཛིང་རགས་ན
ཤར་རླུང་གཡུག་ཐེངས་གཅིག་གིས་ཁྱེར་འོངས་པ་དེ
སྡོང་བོ་དེ་དག་དངཆུ་མིག་དེ་དག་དང
གཟི་ཚ་པ་དངགཟི་ཚ་པའི་སྒོ་འགྲམ་གྱི་བྱ་བྱེའུ་དག་ཀྱང་ཤི་བར་སྐད
ངས མིག་གི་ཡ་འགེབས་ཤེད་ཀྱིས་བགྲད་ནས
ཕྱོགས་བཞིའི་ལུང་མདོ་ན་འཛེར་བའི་འགྱེལ་ལ་ཁད་ཀྱི་གཡའ་རི་དེ་དག་དང
ཆད་ལ་ཁད་ཀྱི་སྡོང་ཀོག་སྦོམ་པོའི་རྐང་ལག་དག་ལ་ཅེར་དུས
གནས་དེ་ཡི  ཆ་མ་ཆོལ་གྱི་བརྡ་སྤྲོད་རིག་གནས་དེའང
མི་རིང་བར་མནན་ལ་ཉེ་བའི་རུལ་དྲི་ཞིག་འཐིབས་ཡོད་པ་རྙེད
གནས་འདི མཐོང་མི་ཐུབ་པའི་ཐག་རིང་ཞིག་ནས་ཉན་ན
སྨྲ་མི་ཕོད་པའི་ཁོག་པའི་ནང་གི་འབུ་སྲིན་ནམ
མངོན་དུ་འབུར་བའི་བ་སྤུའི་གསེང་གི་རྩམ་རྡུལ་དང་ཚིལ་དྲེགས
ཆེས་བུལ་བའི་རང་གི་རྣམ་ཤེས་གསེབ་ཀྱི་འཆི་ལ་ཉེ་བ་རྣམས
བྱབས་ཁྲུས་ཤིག་གིས་ཕྱི་གསལ་ནང་གསལ་གྱི་ཤེལ་བུམ་ཇི་བཞིན་བཅོས་རབས་ཡོད
རྐྱེན་དེའི་དབང་གིསཨམ་ཕྲག་གི་མར་ལོ་ཡོད་ཚད་ཐང་དུ་བརྡལ་ཏེ
རྒྱ་ལམ་ཐོག་གི་ཨར་རྡོ་དང་ས་ནག་ཚང་མ་ཕྱོགས་གཅིག་ཏུ་སྤུངས་ནས
ལུས་ངལ་ཞིག་གམ  སེམས་ངལ་ཞིག་གིས
སེར་ག་ཕྲ་མོ་ཞིག་དང་ཀུན་ནས་མཚུངས་པའི་ལུང་ཤུར་འདི་རུ་བསྐྱལ
ད་ལྟངས་ངལ་བའི་ཡ་ཁྱོར་ཐད་ཀར་དུ་འཛེད་དུས
ཤོར་མི་འོས་པ་ཤོར་ཟིན་ལཐོབ་འོས་པ་གཅིག་ཀྱང་ཐོབ་མི་འདུག
ད་གཟོད  མཁའ་དབྱིངས་ལྟ་བུའི་སྟོང་བ་ན་གཅེར་ལྡིང་བྱེད་པ་དེ
གནས་འདི་རུ
དུང་བ་མཚོན་སྤྱད་ཀྱི་ཡིག་རྡོག་ཕྱེད་ཀ་ཞིག་ཀྱང་མ་རྙེད་པའི་དན་རྟགས་རེད

                      2011 ལོའི་ཟླ7 ཚེས6ཉིན་གཟི་ཚ་གྲོང་གི་འབྲོང་ཁམས་ཇ་ཁང་ཟེར་བ་ཞིག་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྡོང་ཀོག་གི་སྦུབས་སུ་རུལ་བའི་གཟི་ཚ་པ།

2011-07-12 འོད་འཛིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།