རུས་པའི་སྲ་མཁྲེགས་ལབ་པ།

ཉི་འོད་ནི་སྔོན་ཆད་ཅིག་ལ་རང་གི་འཇིང་བར་ནས་ཤོར་བའི
མཚོ་མོའི་གསེར་ཁུ་དང་མིག་ཆུའི་སྐྱུར་རྩི་དེ་ཡིན
ནམ་རྒྱུན་སེམས་ཀྱི་བར་སྟོང་དུ་བསེད་པའི་མི་དག
ད་ནི་སྣང་བརྙན་གཞན་ཞིག་གི་བྲན་གཡོག་ཏུ་ཆས་འདུག

མདང་ནུབ་ནི་ང་ཡི་རྨི་ལམ་ལ་དྲོད་སྣང་ཚར་བའི་དུས་ཚིགས་དག་ཡིན
ཤེད་ཀྱིས་རྡུང་བའི་ཤ་དང་ཁྲག་གི་ཟུར་ངོས་སུ་ལུས་པའི
གས་ཧྲུལ་དུ་གྱུར་བའི་ནམ་མཁའ་འདི་ཡང
ཁྱོད་ཀྱི་སྐྱེ་བའི་ནང་ལོགས་སུ་བཏབ་པའི་གྱེན་ལོག་གི་འབྲས་བུ་དེ་ཡིན

མེས་པོ་ཇག་ལ་ཆས་མྱོང་བའི་ལོ་ཟླ་དག་དྲན་དུས
ངས་ཡང་ཡང་རང་གི་མཛུབ་མགོར་བཏེགས་པའི་དངུལ་གྱི་མཛུབ་དཀྲིས་འདི་ལ་བལྟས་ནས
ཁེར་རྐྱང་དང་འཇིགས་རུང་གི་ས་ཆེན་ཞིག་བསྐྲུན་འདོད
དེ་དུས་ནི་རོལ་དབྱངས་བྱིངས་ཀྱི་ཕྲ་ཕུང་ལས་ལྷུང་བའི་གསེར་མདོག་གི་སྐྱ་རིས་ཤིག་ཡིན་པར་སྨོན

མེ་ལྕེ་ནི་ཧམ་སེམས་དང་ཞེ་སྡང་གིས་འབར་གྱིན་པའི་བྲག་རིའི་གསང་བ་ཞིག་ལྟར་མཆེད་དུས
བྲག་རྩི་ཆགས་པའི་རྫི་གླུ་ཞིག་ཀྱང་ན་ཆུང་མ་སྙིང་རྗེ་བོ་ཞིག་གིས་ལེན་ཞོར་ཡོང་ནས
འདི་ནི་ཁོ་མོའི་བརྩེ་བའི་ལག་པ་ཡིན་ཟེར་ཞོར་ལ
ཁྱོད་ཀྱི་སྙིང་ཁ་བརྒྱུད་ནས་རུས་གསེང་ལ་འཇོག་ངེས
ཏག་ཏག་བར་སྐབས་འདིར
ཁྱོས་ཀྱང་རང་ཉིད་ནི་གནའ་སྔ་མོ་ཞིག་ལ་ཇག་པ་ཞིག་གི་བུ་རུ་སྐྱེས་ཚུལ་ཡང་དྲན་སྲིད་ལ
གདུ་ཁོལ་མ་ཉམས་པའི་ཟུངས་ཁྲག་གི་ཚ་རླབས་དང་དེའི་ཟུག་གཟེར་གཞན་དག་ཀྱང
རེ་རེ་བཞིན་དྲན་ངེས་སོ

མཚན་ནུབ་ཅིག་ཆུང་མའི་རྨི་ལམ་གྱི་སྒལ་གཞུང་དུ་བཞག་ནས
རང་ཉིད་ནི་ལྕགས་རི་ཆེན་པོ་ཞིག་ལ་དཔེ་བླངས་ན
ད་གཟོད་སྒེའུ་ཁུང་ལས་ཁྱོད་ཀྱི་རོལ་རྩེད་ལ་ཅེར་ནས་འདུག་པ་ལྟ་བུའི་ཟླ་བ་དེ་ཡང
ཁུ་སིམ་མེར་མེ་ཟླུམ་ཞིག་ཏུ་སྦྲུལ་ནས
ཉི་མ་ཟེར་བའི་མཛེས་མ་ཤ་དྲོད་ཅན་དེའི་ཕྱོགས་སུ་ཆས་ངེས་སོ

ལོ་རྒྱུས་ཀྱིས་རྒྱང་ཕུད་དང་ཕྱི་མཐར་སྤྲད་པའི་ཆེས་སྐྱ་མདོག་གི་ཐ་སྙད་དག་མཐོང་དུས
མིའི་རིགས་ཀྱི་གྲོད་པུ་རླུང་གིས་བསེད་ཅིང་མེ་ཡིས་འཚིག་དགོས་ནའང
རུས་པའི་འབྱོར་ཕྱུག་གིས་བཏམས་པའི་སྲ་མཁྲེགས་འདི་ཡོད་ན
ཉི་ཟླ་ནི་རང་གི་གོས་ཤམ་འོག་གི་མེ་ལོང་ཞིག་ཏུ་བསམ་རྐྱང་བྱས་ནས
མི་དང་འབྲེལ་བ་གཏན་ནས་མེད་ས་ཞིག་ཏུ་རང་ཉིད་ལ་དཔའ་དར་བཤམས་ཆོག

དེ་བཞིན་གྱིས་རུས་པའི་སྲ་མཁྲེགས་ཟེར་ན
རྣོ་ལྕགས་དང་བསྲེས་པའི་ཆོས་ཉིད་ཀྱི་མདུད་པ་ཞིག
གཏན་ནས་ཡིན་ས་མ་རེད་དོ
                  2011/6/24/ཉིན་གྱི་མཚན་ཕྱེད་ལ་རྩེ་ཁོག་ནས་བྲིས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རུས་པའི་སྲ་མཁྲེགས་ལབ་པ།

2011-07-12 རྩེ་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།