ཞོགས་ཀའི་རི་གྲོང་།


རྟ་བདུན་བདག་པོ་ཤར་རི་རྩེ་ནས།།
འོད་ཟེར་འབུམ་ཕྲག་རིང་དུ་བསྐྱང་དུས།།
ཙོག་ཙོག་རི་བོའི་སྒང་དུ་ཆགས་པའི།།
རི་གྲོང་ཆུང་ཆུང་ཅི་འདྲ་མཛེས་ཨང་།།

ཞོགས་ཀའི་རི་གྲོང་ཉི་ཟེར་ཁྲོད་ནས།།
ལྷིང་འཇགས་ཚོར་བའི་སྣང་བ་སྦྱིན་ཞིང་།།
དྭངས་གཙང་འབབ་ཆུའི་སྐད་སྒྲ་སྙན་མོ།།
རི་གྲོང་འདི་ཡི་ཡུལ་གླུ་འདྲ་བྱུང་།།

དུད་ཁྱིམ་ཡོང་གི་བསང་ཁུང་ནང་ནས།།
ལྷ་བསང་དུ་བ་ནམ་མཁར་འཕྱུར་ཞིང་།།
མཛེས་པའི་རི་གྲོང་བསང་དུའི་དཀྱིལ་ནས།།
ཞི་བདེ་འདྲེན་པའི་དབེན་གནས་འདྲ་བྱུང་།།

གཡས་རི་གཡོན་རིའི་སྤང་ལྗོངས་ངོགས་ན།།
དཀར་ནག་ཕྱུགས་ཟོག་བག་ལ་རོལ་ཏེ།།
ཕྱུགས་རྫི་བུ་མོའི་ཡུལ་གླུ་སྙན་པོས།།
བརྒྱ་ལམ་འགྲུལ་པའི་རྣ་དབང་འཕྲོག་སོང་།།

རྡོ་ཁང་གྲུ་བཞིའི་ཁོ་ར་ཁོར་ཡུག།
ཚ་ཟེར་ཉི་མས་ཡོངས་སུ་བཟུང་དུས།།
དམན་ཆུང་བུ་མོ་བལ་གྱི་དབུས་ནས།།
ཤད་མ་སྤུ་ཕྲུག་འཐག་ལ་བྲེལ་སོང་།།

དགོང་དྲོ་ཉི་མ་ནུབ་རིའི་མཚམས་ནས།།
ཕྱི་ལྟས་ལན་གཅིག་སློག་པའི་ཚེ་ན།།
དྲིན་ཆེན་ཨ་མ་རྡོ་ཐབ་སྟེང་ལ།།
ཐུག་པ་རྩམ་ཐུག་སྐོལ་ལ་བྲེལ་སོང་།།

མུན་པའི་རྒྱལ་པོས་སྒོ་མོ་མནན་དུས།།
ནང་མི་ལྷན་འཛོམས་ཁྱིམ་ལ་འདུས་ཏེ།།
དགོང་ཟས་རོལ་པའི་བསོད་སྐལ་འདི་དག།
ད་ལྟ་ལྡན་ན་ཅི་འདྲ་སྐྱིད་ཨང་།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞོགས་ཀའི་རི་གྲོང་།

2011-07-10 རིག་འཛིན། ཀློག་གྲངས། མཆན ཡོད།


རྟ་བདུན་བདག་པོ་ཤར་རི་རྩེ་ནས།།
འོད་ཟེར་འབུམ་ཕྲག་རིང་དུ་བསྐྱང་དུས།།
ཙོག་ཙོག་རི་བོའི་སྒང་དུ་ཆགས་པའི།།
རི་གྲོང་ཆུང་ཆུང་ཅི་འདྲ་མཛེས་ཨང་།།

ཞོགས་ཀའི་རི་གྲོང་ཉི་ཟེར་ཁྲོད་ནས།།
ལྷིང་འཇགས་ཚོར་བའི་སྣང་བ་སྦྱིན་ཞིང་།།
དྭངས་གཙང་འབབ་ཆུའི་སྐད་སྒྲ་སྙན་མོ།།
རི་གྲོང་འདི་ཡི་ཡུལ་གླུ་འདྲ་བྱུང་།།

དུད་ཁྱིམ་ཡོང་གི་བསང་ཁུང་ནང་ནས།།
ལྷ་བསང་དུ་བ་ནམ་མཁར་འཕྱུར་ཞིང་།།
མཛེས་པའི་རི་གྲོང་བསང་དུའི་དཀྱིལ་ནས།།
ཞི་བདེ་འདྲེན་པའི་དབེན་གནས་འདྲ་བྱུང་།།

གཡས་རི་གཡོན་རིའི་སྤང་ལྗོངས་ངོགས་ན།།
དཀར་ནག་ཕྱུགས་ཟོག་བག་ལ་རོལ་ཏེ།།
ཕྱུགས་རྫི་བུ་མོའི་ཡུལ་གླུ་སྙན་པོས།།
བརྒྱ་ལམ་འགྲུལ་པའི་རྣ་དབང་འཕྲོག་སོང་།།

རྡོ་ཁང་གྲུ་བཞིའི་ཁོ་ར་ཁོར་ཡུག།
ཚ་ཟེར་ཉི་མས་ཡོངས་སུ་བཟུང་དུས།།
དམན་ཆུང་བུ་མོ་བལ་གྱི་དབུས་ནས།།
ཤད་མ་སྤུ་ཕྲུག་འཐག་ལ་བྲེལ་སོང་།།

དགོང་དྲོ་ཉི་མ་ནུབ་རིའི་མཚམས་ནས།།
ཕྱི་ལྟས་ལན་གཅིག་སློག་པའི་ཚེ་ན།།
དྲིན་ཆེན་ཨ་མ་རྡོ་ཐབ་སྟེང་ལ།།
ཐུག་པ་རྩམ་ཐུག་སྐོལ་ལ་བྲེལ་སོང་།།

མུན་པའི་རྒྱལ་པོས་སྒོ་མོ་མནན་དུས།།
ནང་མི་ལྷན་འཛོམས་ཁྱིམ་ལ་འདུས་ཏེ།།
དགོང་ཟས་རོལ་པའི་བསོད་སྐལ་འདི་དག།
ད་ལྟ་ལྡན་ན་ཅི་འདྲ་སྐྱིད་ཨང་།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།