སྙན་ངག་དཀར་པོ།


དབྱར་ཁ་ཞིག་བུད་སོང་བའི་སྔར་རོལ་དེ
སྨྱུག་གིས་རང་སེམས་ཀྱི་དགུན་ཁ་དེར་དྲོད་ཁོལ་སྦར་ཆེད
ཤོག་ལྷེ་རེ་རེའི་ངོས་སུ་མེ་ལྕེ་དང་དྲོད་སྣང་བྲིས

དོ་ནུབ ངས་ཁྱེད་ཀྱི་ཁེར་རྐྱང་དྲན་པས
ཆར་བའི་ངོས་སུ་སེམས་འགྱུའི་གཤོག་པ་གླན་ནས
ཁྱེད་ཀྱི་ནམ་མཁའ་དང་ངག་རྒྱུན་རུམ་ཏེ
ཟླ་བ་གསུམ་པའི་གྲང་རླུང་གིས་བརྡུངས་བའི་སྒེའུ་ཁུང་བར་ཏུ
འཆར་སྣང་དང་རྟོགས་བཟོ་རིགས་ཤིག་ངང་གིས་གློད

སུ་ཞིག་གིས་འཐུང་འདོད་ཀྱི་བྲང་ཁར་བསྐྱོར་བའི་
ཞོགས་ལྗོངས་ཀྱི་བསིལ་རླུང་དང་ཉི་འོད
ད་དུང་བྱིས་པའི་རྨི་ལམ་དང་རྩྭ་ལྗང་ཁྲོད་འཐིམ་པའི་འབྲི་མོའི་ངུར་དབྱངས
འདི་དག་གིས་བདག་ལ་ཡབ་མོ་བྱས་སོང་ཨང

སོང་མ་མྱོང་བའི་ཀྱ་ཀྱུ་ཡི་ཆུ་ཕྲན
ཁྱེད་ཀྱི་མུན་ངོགས་ཀྱི་རུམ་ཁ་ན
གཅེས་ནོར་གྱི་ཕ་གཞིས་བཞིན
དོ་ནུབ ངས་མིག་ཀེམ་ཀེམ་གྱི་ཁྲོད་ན
སྔར་བཞིན་ལྷིང་འཇགས་སུ་བསྐྱིལ་ཡོད

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་དཀར་པོ།

2011-07-09 སྲིན་པོ། ཀློག་གྲངས། མཆན ཡོད།


དབྱར་ཁ་ཞིག་བུད་སོང་བའི་སྔར་རོལ་དེ
སྨྱུག་གིས་རང་སེམས་ཀྱི་དགུན་ཁ་དེར་དྲོད་ཁོལ་སྦར་ཆེད
ཤོག་ལྷེ་རེ་རེའི་ངོས་སུ་མེ་ལྕེ་དང་དྲོད་སྣང་བྲིས

དོ་ནུབ ངས་ཁྱེད་ཀྱི་ཁེར་རྐྱང་དྲན་པས
ཆར་བའི་ངོས་སུ་སེམས་འགྱུའི་གཤོག་པ་གླན་ནས
ཁྱེད་ཀྱི་ནམ་མཁའ་དང་ངག་རྒྱུན་རུམ་ཏེ
ཟླ་བ་གསུམ་པའི་གྲང་རླུང་གིས་བརྡུངས་བའི་སྒེའུ་ཁུང་བར་ཏུ
འཆར་སྣང་དང་རྟོགས་བཟོ་རིགས་ཤིག་ངང་གིས་གློད

སུ་ཞིག་གིས་འཐུང་འདོད་ཀྱི་བྲང་ཁར་བསྐྱོར་བའི་
ཞོགས་ལྗོངས་ཀྱི་བསིལ་རླུང་དང་ཉི་འོད
ད་དུང་བྱིས་པའི་རྨི་ལམ་དང་རྩྭ་ལྗང་ཁྲོད་འཐིམ་པའི་འབྲི་མོའི་ངུར་དབྱངས
འདི་དག་གིས་བདག་ལ་ཡབ་མོ་བྱས་སོང་ཨང

སོང་མ་མྱོང་བའི་ཀྱ་ཀྱུ་ཡི་ཆུ་ཕྲན
ཁྱེད་ཀྱི་མུན་ངོགས་ཀྱི་རུམ་ཁ་ན
གཅེས་ནོར་གྱི་ཕ་གཞིས་བཞིན
དོ་ནུབ ངས་མིག་ཀེམ་ཀེམ་གྱི་ཁྲོད་ན
སྔར་བཞིན་ལྷིང་འཇགས་སུ་བསྐྱིལ་ཡོད

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།