ས་སྐྱ།

གོ་གཞོན་བསོད་སྟོབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-28

ཐེངས་དུ་མར།
རེ་བ་དང་ཕུགས་བསམ་རུམ་གང་འཁུར་ནས།
རི་གྲོང་སྐྱ་མོ་དེ་དང་གྱེས་ཕྱག་འབུལ་ཐེངས་རེར།
ངས་མིག་ཆུ་རྡོག་གཅིག་གི་རུ་མ་དང་བསྡེབས་ཏེ།
ས་སྐྱ་ཞེས་པའི་ཡུལ་ལུང་དེ།
རང་སེམས་ཀྱི་ཟབ་སར་བསྙལ།

ཡུལ་ལུང་གང་ཞིག
བྱ་ཚང་ཞིག་ལ་ཆ་བཞག་ན།
ང་ནི་བྱ་ཚང་དེ་ལས་ཐར་ཐབས་མེད་པའི་བྱིའུ་ཞིག
འཇིག་རྟེན་གྱི་ས་ཕྱོགས་གང་དུ་གནས་ཀྱང་།
ས་སྐྱ། ལྡེ་མིག་ཅིག་དང་འདྲ་བར།
ཡུལ་ལ་ལོག་པའི་རྨི་ལམ་གྱི་སྒོ་མོ་ཕྱེ།

རི་ཁུག་གི་ཟབ་སར་གནས་པའི་ས་སྐྱ།
ལོ་རྒྱུས་ཀྱི་དེབ་ཐེར་ཁྲོད་ནས་བོར་ལ་ཉེ་བའི་ས་སྐྱ།
འཇིག་རྟེན་གྱི་འཕོ་འགྱུར་ཁྲོད་ན་སད་དུ་མེད་པའི་ས་སྐྱ།
བརྩེ་བའི་འཆིང་ཐག་ཅིག་དང་འདྲ་བར།
ངའི་མི་ཚེ་གཅིག་དམ་དུ་བཅིངས།
                     ༢༠༡༡  ༦  ༡༣ཉིན། པེ་ཅིན་དུ་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་སྐྱ།

2011-06-28 གོ་གཞོན་བསོད་སྟོབས། ཀློག་གྲངས། མཆན ཡོད།

ཐེངས་དུ་མར།
རེ་བ་དང་ཕུགས་བསམ་རུམ་གང་འཁུར་ནས།
རི་གྲོང་སྐྱ་མོ་དེ་དང་གྱེས་ཕྱག་འབུལ་ཐེངས་རེར།
ངས་མིག་ཆུ་རྡོག་གཅིག་གི་རུ་མ་དང་བསྡེབས་ཏེ།
ས་སྐྱ་ཞེས་པའི་ཡུལ་ལུང་དེ།
རང་སེམས་ཀྱི་ཟབ་སར་བསྙལ།

ཡུལ་ལུང་གང་ཞིག
བྱ་ཚང་ཞིག་ལ་ཆ་བཞག་ན།
ང་ནི་བྱ་ཚང་དེ་ལས་ཐར་ཐབས་མེད་པའི་བྱིའུ་ཞིག
འཇིག་རྟེན་གྱི་ས་ཕྱོགས་གང་དུ་གནས་ཀྱང་།
ས་སྐྱ། ལྡེ་མིག་ཅིག་དང་འདྲ་བར།
ཡུལ་ལ་ལོག་པའི་རྨི་ལམ་གྱི་སྒོ་མོ་ཕྱེ།

རི་ཁུག་གི་ཟབ་སར་གནས་པའི་ས་སྐྱ།
ལོ་རྒྱུས་ཀྱི་དེབ་ཐེར་ཁྲོད་ནས་བོར་ལ་ཉེ་བའི་ས་སྐྱ།
འཇིག་རྟེན་གྱི་འཕོ་འགྱུར་ཁྲོད་ན་སད་དུ་མེད་པའི་ས་སྐྱ།
བརྩེ་བའི་འཆིང་ཐག་ཅིག་དང་འདྲ་བར།
ངའི་མི་ཚེ་གཅིག་དམ་དུ་བཅིངས།
                     ༢༠༡༡  ༦  ༡༣ཉིན། པེ་ཅིན་དུ་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།