སྙན་ངག་རིང་མོ་ཞིག་བཀླགས་རྗེས།

རི་བཙན་པོ་ལྷ་ལུང་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-27

    —རིག་པའི་དཔའ་བོ་ཞིག་གི་མི་ཚེ་ལས་དྲན་པའི་རྒྱ་རུ་ཚུད་ཚུལ།
དུས་ཚོད་ཀྱི་ལྟེ་ཐག་ལས་འགུལ་གྱིན་པ་དག
ས་ཆེན་པོའི་ཞེང་ཁ་རུ་སྨིན་པ་དག
ཚོད་ཚོད་དུ་བཞུད་ཅིང         ཡལ

རུལ་གྱིན་པ་འབུ་སྦྲང་དང
རྒས་གྱིན་པའི་ལོ་ཟླ
འཕག་འཚག་གི་ང་རོ་དང་བསྡོངས
ཚེར་མའི་ལམ་གྱི
མེ་ཏོག་རྐང་གཅིག་གི་མཛེས་སྡུག་ལ་འཁྲེང
ཡང་ན         སྡུག་ཡུས་ཀྱི་ལྷ་རིས་དེའི་ཆེད
མི་ཡུལ་དུ      སྙན་ངག་གི་རྒྱལ་སྲས་ཤིག་འདི་ལྟར་འཁྲུངས

ཆེས་ཞེ་མེར་བའི་འཚོ་བའི་གཏིང་རིམ་དུ
ཡང་ཡང་འདྲེ་ལོག་རྒྱག་ཞོར
ཚིག་ཚོགས་ཀྱི་རོ་ལངས
སྨྲ་བརྗོད་ཀྱི་སྟ་རེ
གདོན་གྱིས་བརླམས་པ་ལྟར
ལོ་རྒྱུས་ཀྱི་བེམ་རོའི་གསེང་ལས་ཐ་སྙད་ཁ་ཤས་སེམས་ཀྱིས་འཐུ་ཞོར
ལ་ཁའི་མཚམས་སྤྲིན་ལྟར་དམར་བའི་རྨི་ལམ་རུམ་བཞིན
ཐ་ན་རང་ཉིད་ཀྱང་མཐོངས་ཡངས་ནམ་མཁའི་སྤུ་གྲིའི་སོ་ཁར་བསྐྱལ
ཁྱོད་ཀྱིས་གདོད་ནས་རང་ཉིད་གསར་བརྗེ་རིགས་ཤིག་ཏུ་སེམས་བཞིན
ཡང་ན་ཟུངས་ཁྲག་གིས་སྒྲུག་པའི་ཅོང་བརྡ་རིང་མོ་ཞིག

མིའི་འཇིག་རྟེན་དུ་ཇི་ལྟར་འཚོ་རུང
མིག་ཀོང་ན་འཚོ་བའི་སྨོན་པ་གངས་ཀྱིས་བསྡམས་ལ
མི་བུ་ཞིག་གི་བདེ་སྐྱིད་མ་ཐོབ་པས
རང་ཉིད་ཀྱི་མཁའ་དབྱིངས་དེ་རུ
ཁེར་རྐྱང་གི་སྙན་ངག་སེམས་ཀྱིས་གསོ་བཞིན
འདི་ལྟར
བློས་བསླངས་ཀྱི་དམ་བཅའ་ཞིག་དང་ལྷན
རྨང་ནས་མྱགས
ཡིན་ནའང
ཁྱེད་ཀྱིས་སྔར་བཞིན་རྒྱང་རིང་གླེང་ལ་རྒྱང་རིང་བརྒལ

འཁོར་མདའ་འདར་ཞིང་འགུལ
ས་གཞི་ཡངས་ཤིང་ཆེ
 
དོ་ནུབ་ཀྱང་སྐར་མདའ་ཞིག་གིས་ནམ་མཁའ་ཧྲིལ་བོ་འཐེན་བྱུང

                              ༢༠༡༠.༩.༨  
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་རིང་མོ་ཞིག་བཀླགས་རྗེས།

2011-06-27 རི་བཙན་པོ་ལྷ་ལུང་རྒྱ་མཚོ། ཀློག་གྲངས། མཆན ཡོད།

    —རིག་པའི་དཔའ་བོ་ཞིག་གི་མི་ཚེ་ལས་དྲན་པའི་རྒྱ་རུ་ཚུད་ཚུལ།
དུས་ཚོད་ཀྱི་ལྟེ་ཐག་ལས་འགུལ་གྱིན་པ་དག
ས་ཆེན་པོའི་ཞེང་ཁ་རུ་སྨིན་པ་དག
ཚོད་ཚོད་དུ་བཞུད་ཅིང         ཡལ

རུལ་གྱིན་པ་འབུ་སྦྲང་དང
རྒས་གྱིན་པའི་ལོ་ཟླ
འཕག་འཚག་གི་ང་རོ་དང་བསྡོངས
ཚེར་མའི་ལམ་གྱི
མེ་ཏོག་རྐང་གཅིག་གི་མཛེས་སྡུག་ལ་འཁྲེང
ཡང་ན         སྡུག་ཡུས་ཀྱི་ལྷ་རིས་དེའི་ཆེད
མི་ཡུལ་དུ      སྙན་ངག་གི་རྒྱལ་སྲས་ཤིག་འདི་ལྟར་འཁྲུངས

ཆེས་ཞེ་མེར་བའི་འཚོ་བའི་གཏིང་རིམ་དུ
ཡང་ཡང་འདྲེ་ལོག་རྒྱག་ཞོར
ཚིག་ཚོགས་ཀྱི་རོ་ལངས
སྨྲ་བརྗོད་ཀྱི་སྟ་རེ
གདོན་གྱིས་བརླམས་པ་ལྟར
ལོ་རྒྱུས་ཀྱི་བེམ་རོའི་གསེང་ལས་ཐ་སྙད་ཁ་ཤས་སེམས་ཀྱིས་འཐུ་ཞོར
ལ་ཁའི་མཚམས་སྤྲིན་ལྟར་དམར་བའི་རྨི་ལམ་རུམ་བཞིན
ཐ་ན་རང་ཉིད་ཀྱང་མཐོངས་ཡངས་ནམ་མཁའི་སྤུ་གྲིའི་སོ་ཁར་བསྐྱལ
ཁྱོད་ཀྱིས་གདོད་ནས་རང་ཉིད་གསར་བརྗེ་རིགས་ཤིག་ཏུ་སེམས་བཞིན
ཡང་ན་ཟུངས་ཁྲག་གིས་སྒྲུག་པའི་ཅོང་བརྡ་རིང་མོ་ཞིག

མིའི་འཇིག་རྟེན་དུ་ཇི་ལྟར་འཚོ་རུང
མིག་ཀོང་ན་འཚོ་བའི་སྨོན་པ་གངས་ཀྱིས་བསྡམས་ལ
མི་བུ་ཞིག་གི་བདེ་སྐྱིད་མ་ཐོབ་པས
རང་ཉིད་ཀྱི་མཁའ་དབྱིངས་དེ་རུ
ཁེར་རྐྱང་གི་སྙན་ངག་སེམས་ཀྱིས་གསོ་བཞིན
འདི་ལྟར
བློས་བསླངས་ཀྱི་དམ་བཅའ་ཞིག་དང་ལྷན
རྨང་ནས་མྱགས
ཡིན་ནའང
ཁྱེད་ཀྱིས་སྔར་བཞིན་རྒྱང་རིང་གླེང་ལ་རྒྱང་རིང་བརྒལ

འཁོར་མདའ་འདར་ཞིང་འགུལ
ས་གཞི་ཡངས་ཤིང་ཆེ
 
དོ་ནུབ་ཀྱང་སྐར་མདའ་ཞིག་གིས་ནམ་མཁའ་ཧྲིལ་བོ་འཐེན་བྱུང

                              ༢༠༡༠.༩.༨  
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།