ཁེར་རྐྱང་གི་དྲན་པ་བཀླགས་པ།


དཔྱིད་རླུང་མེད་པའི་དུས་ཚིགས་འདི་དག་ནི
དྲོ་གྲང་མི་སྙོམ་པའི་རང་གི་ལག་པ་སྟེ
མུན་མདངས་ཀྱི་སྒེའུ་གླེགས་བར་ནས་ཇི་ལྟར་བསྲིངས་ཀྱང
འཇམ་མཉེན་དང་མཛེས་སྡུག་གི་རེག་བྱ་དག་རྨང་ནས་འཐོར་འགྲོ

ཤར་ཕྱོགས་སུ་ཆུ་འཛིན་ལྡིང་དུས
ཁྱེད་ཀྱིས་གནའ་བོའི་དན་རྟགས་སུ་བཏེགས་པའི་
ཡ་ཁོག་གི་ཏིང་འཛིན་དཀར་པོ་དེ་དྲན་ལ
རྩྭ་ལྗང་གི་ཚོམ་བུ་རླུང་གིས་བསྒུལ་དུས
ཁྱེད་ཀྱིས་ཉི་ནུབ་ཀྱི་མཐའ་རུ་བསྐུངས་བའི
མཚན་མོའི་དྲོད་ཁོལ་གཞན་དག་ཀྱང་མཐོང་འོང

 

ཁེར་རྐྱང་གི་མིག་འོག་ན་འཚང་བའི
ཡིག་འབྲུ་རྐང་ཐང་དེ་ཚོས
ཟླ་འོད་དང་མིག་ཆུ་དེད་ནས
ཁྱེད་ཀྱིས་ལྷིང་འཇགས་ཀྱི་རུམ་ཁར་བསྙེག་ཚེ
ང་ཚོ་འཁྲུལ་སྣང་གི་འཇའ་ཚོན་ལ་ཐེངས་མང་བརྒལ་མྱོང

ཆར་བས་བརླན་པའི་ཚུ་དྲེག་གི་གཏམ་རྒྱུད་རེ་རེ
ཉིན་དཀར་འདྲ་བའི་སེམས་ངོགས་ནས་སྐམ་པར་བྱོས་དང
འགག་གྱིན་པའི་ངུ་ངག་གི་དབྱངས་འགྲོས་རེ་རེ
སླར་ཡང་མཛེས་སྡུག་གིས་དབབ་པར་ངེས
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁེར་རྐྱང་གི་དྲན་པ་བཀླགས་པ།

2011-06-27 སྲིན་པོ། ཀློག་གྲངས། མཆན ཡོད།


དཔྱིད་རླུང་མེད་པའི་དུས་ཚིགས་འདི་དག་ནི
དྲོ་གྲང་མི་སྙོམ་པའི་རང་གི་ལག་པ་སྟེ
མུན་མདངས་ཀྱི་སྒེའུ་གླེགས་བར་ནས་ཇི་ལྟར་བསྲིངས་ཀྱང
འཇམ་མཉེན་དང་མཛེས་སྡུག་གི་རེག་བྱ་དག་རྨང་ནས་འཐོར་འགྲོ

ཤར་ཕྱོགས་སུ་ཆུ་འཛིན་ལྡིང་དུས
ཁྱེད་ཀྱིས་གནའ་བོའི་དན་རྟགས་སུ་བཏེགས་པའི་
ཡ་ཁོག་གི་ཏིང་འཛིན་དཀར་པོ་དེ་དྲན་ལ
རྩྭ་ལྗང་གི་ཚོམ་བུ་རླུང་གིས་བསྒུལ་དུས
ཁྱེད་ཀྱིས་ཉི་ནུབ་ཀྱི་མཐའ་རུ་བསྐུངས་བའི
མཚན་མོའི་དྲོད་ཁོལ་གཞན་དག་ཀྱང་མཐོང་འོང

 

ཁེར་རྐྱང་གི་མིག་འོག་ན་འཚང་བའི
ཡིག་འབྲུ་རྐང་ཐང་དེ་ཚོས
ཟླ་འོད་དང་མིག་ཆུ་དེད་ནས
ཁྱེད་ཀྱིས་ལྷིང་འཇགས་ཀྱི་རུམ་ཁར་བསྙེག་ཚེ
ང་ཚོ་འཁྲུལ་སྣང་གི་འཇའ་ཚོན་ལ་ཐེངས་མང་བརྒལ་མྱོང

ཆར་བས་བརླན་པའི་ཚུ་དྲེག་གི་གཏམ་རྒྱུད་རེ་རེ
ཉིན་དཀར་འདྲ་བའི་སེམས་ངོགས་ནས་སྐམ་པར་བྱོས་དང
འགག་གྱིན་པའི་ངུ་ངག་གི་དབྱངས་འགྲོས་རེ་རེ
སླར་ཡང་མཛེས་སྡུག་གིས་དབབ་པར་ངེས
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།