རྗེས་རབས་པའི་སྣང་བརྙན།

འབུར་མས་རྐང་དོར་ཁ་འདིག་བོར་བ་རྙེད་དུས
ད་གཟོད  ཉལ་ཁང་འདི་ལ་ལྷིང་འཇགས་ཀྱི་དུས་ཤིག་ཡོད་སོང་མོད
ཅང་མ་འགོར་བར སྐལ་བྷེས་མེ་ཏོག་མི་དགོས་ཚུལ་བཤད་ནས་མནའ་ཆེན་རྩམ་པ་ཟ་ཟ་བྱས
དེ་དང་ལྷུན་དུ་ཚང་མས་བུ་མོ་གླེང་བྱུང  གསང་དོར་གླེང་བྱུང
ད་དུང་བྲང་ན་འབུར་བའི་ནུ་བུམ་གྱི་ཆེ་ཆུང་གླེང་བྱུང
དེ་དུས  ཁ་རོག་གེར་རས་བྱ་འབྲི་བཞིན་པའི་དབང་རྒྱལ་གྱིས་ཀྱང་ཚོད་ཚོད་ལ་བུ་མོ་ཞིག
ཡག་རབས་ཀྱི་སྐད་ཆ་རྡོག་རྡོག་རེ་རྡོ་ལྟར་འཕེན་ངེས
 
སྒེའི་ཁུང་ལས་བུ་མོ་ཚོའི་ཡག་བཙོག་འཇལ་བ་ནི་ལས་བྱ་ཡིན་ལ
ངལ་གསོ་སྐྱིད་པོ་ཞིག་ཀྱང་ཅི་ལ་མིན
བུ་མོ་ལ་བལྟ་མཚམས་བཞག་རྗེས
ནན་པོས་བུད་མེད་མང་བོའི་སེམས་པ་བཀུག་ཚུལ་གླེང་བྱུང་ལ
དེ་དུས  སྐལ་བྷེ་དང་འཇིགས་ལོ་ལའང་བྲེད་ཤ་ལངས་ངེས
གློག་གིས་བརྒྱབ་པ་ཇི་བཞིན་བྲེད་ཤ་ལངས་ངེས
 
ཁ་གྱ་ཞེས་པའི་མི་འདི་སྟོབས་ཆེན་གཡག་རྒན་དང་འདྲ་མོད
ཁོ་ལ་གཡག་རྒན་ཞེས་མི་འདོགས་རྐྱེན་དེ་ཕ་ཡུལ་གྱི་མིང་རྫོབ་དེའི་དབང་གིས་རེད
ཁོས་ཀྱང་ཡིན་མིན་གྱི་ཐད་ནས་མང་བོ་བཤད་མོད
རྩམ་པ་ཟ་ཞོར་དུ་གཡག་རྒྱག་བྱེད་པ་ནི་ཁོའི་བསྒྱུར་དུ་མེད་པའི་རང་གཤིས་སུ་གྲུབ་ཡོད
 
“ང་ཤི་རྒྱུ་ཡིན  དཀོམ་མཆོག་གསུམ  ང་སུ་ཚང་གི་རེད  ང་ཤི་མི་ཐུབ་ནི་ཞིག་མ་རེད”
འདི་ནི་གློག་བརྙན་ཞིག་འཆར་གྱིན་པ་མིན་པར
སྐལ་བྷེས་ཆང་མགོ་མ་ནོན་པར་སྨྲེ་སྔགས་འདོན་བཞིན་པ་རེད
སེམས་མགོ་མ་ནོན་པར་ངུ་ངག་གྱེར་བཞིན་པ་རེད
 
སྐལ་བྷེ་དང་འབུར་མས་བུ་མོ་གླེང་དུས་དོན་གྲུབ་ཀྱིས་ཀྱང
ཁ་རོག་གེར་ཆེ་ཞིང་སྟོབས་པའི་རླིག་པ་ལ་རེག་གིན་འདུག་ལ ཚོད་ཚོད་ལ་ཁོང་དགོད་རེ་བྱེད་ངེས
འདི་ནི་ཁོའི་སྔས་འོག་ཏུ་སྦས་པའི་དགུ་རྩེག་གི་གསང་བ་རེད
 
ཞོ་ལོ་ནི་རྐང་རྩེད་སྤོ་ལོར་དགའ་དྲག་ནས་བཏགས་པ་མིན་པར
ཁོའི་ནག་ཅིང་སྣུམ་པའི་ངོ་གདོང་དེ་ལན་འདུག
ཁོ་ཡང་དབང་རྒྱལ་བཞིན་གྲགས་རྒྱུ་མེད་ལ
ལྷག་པར་དུ་སྒྲོལ་མའི་ཕྱོགས་གླེང་རྒྱུ་མེད
 
“རེད  ཁ་རོག  ཁ་རོག  ཚེ་ཁོ་རེད”
འདི་ནི་རྐུན་མ་གཉིས་ཀྱིས་བརྐུ་བྱེད་བཞིན་པ་མིན་པར
དགེ་རྒན་གྱིས་ཉལ་ཁང་གི་སྒྲིག་ལམ་ལ་ཞིབ་བཤེར་བྱེད་དུས
ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་ དང་སྒྲོལ་མ་གླེང་སྐབས་དང་འཕྲད་པ་རེད
 
སྒྲོལ་མ་དང་ གླེང་དུས་ཚང་མ་རྣམ་རིག་ཆེ་མོད
ཁ་གྱ་དང་དོན་་གྲུབ་སྔ་ནས་རླིག་རྩིད་བཟུང་ནས་གཉིད་འདུག
འདི་ནི་ཁོ་གཉིས་ཀྱིས་གསང་མ་འདོད་པར་མིན་པར
རྨི་ལམ་དུ་འཛུལ་བའི་སྒྲོལ་མ་ཡག་དྲག་པས་རེད
 
སྟག་ལྷ་ཞེས་པའི་མི་བུ་ཁོབ་ཆེན་འདིས་ཀྱང
སྒྲོལ་མ་གླེང་དུས་སེམས་མགོ་མི་ནོན་ལ
བྲང་རྩིད་རྩིད་པ་སྐྱེས་སྐྱེས་བྱས་འདུག་པ་མཐོང་དུས
ཁོ་ལའང་ཁག་ཅི་ཡོད་སྙམ་བྱུང
 
དུས་ཚོད་མང་བོ་ཞིག་མིད་རྗེས  ཚང་མས་གཡག་རྒྱག་བྱེད་ཀྱིན་འདུག
འོན་ཀྱང  དོན་གྲུབ་སད་འདུག
རྒྱུ་མཚན  ཁོས་གཡག་རྒྱག་བྱེད་མཁན་འདི་དག་འབོད་དགོས་ལ
ཁ་རོག་གེར་རླིག་པ་ལ་རེག་དགོས
                           ༢༠༡༡.༩.༣

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྗེས་རབས་པའི་སྣང་བརྙན།

2011-10-04 འབུར་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།