ཚོར་བའི་བསླུ་བྲིད།

སྨག་འཇོམས།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-01


བསྟུད་མར་ཉིན་གཉིས་ལ་བབ་པའི་ཆར་བས།
གཞི་ནས་སྟོན་ཟླ་སླེབས་པའི་སྔོན་བརྡ་རྒྱག་གིན་འདུག
རྣོ་ལྕགས་དང་ཨར་འདམ་གྱི་གྲིབ་གཟུགས་ལས།
འཁྱག་སིབ་སིབ་ཀྱི་རླུང་བུ་ཞིག་གང་སར་རྒྱུ།
 
གཞུང་ལམ་གྱི་འཇེབ་འཁོར་དང་འཕྲུལ་རྟའི་ཚོགས།
དུང་སྒྲ་རྣ་གཟེར་བ་རེ་བོས་རྗེས་ཤར་གྱིས་རྒྱུ་ཞིང་།
ཤ་མདོག་མི་གཅིག་པའི་མི་ཚོགས་ཀྱང་།
གོམ་འགྲོས་ཀྱི་སྔ་ཕྱི་རྩོད་ཀྱིན་རང་ལས་རྒྱང་དུ་གྱེས།
 
བྲེལ་ཟིང་གིས་ཁེངས་པའི་གྲོང་ཁྱེར་ལས།
རང་ཉིད་ལ་ན་ཟུག་གི་རྨ་ཁ་སྟེར་ཡོང་མཁན་ནི་ཕ་ཡུལ་རེད།
ཤ་རུས་ཁྲག་གསུམ་ཀྱི་དུང་བ་འདྲེན་པའི་ཕ་ས་ཕ་ཡུལ་རེད།
 
ཉིན་འདི་འགར་ཕ་ཡུལ་ན་བདུད་རྩའི་ཆར་བ་འབབ་ཀྱིན་ཡོད་དམ།
ཡང་ན་སྡིག་རྩུབ་ཀྱི་ཁ་བ་འཚུབ་ཀྱིན་ཡོད།
ཡུལ་མི་ཚོ་སྔར་བཞིན་འཇིགས་སྐྲག་གི་ལོ་ཟླ་ཞིག་ལ་གླན་ནས།
སེམས་ཀྱི་ཞི་བདེ་ཞིག་ལ་རེ་བཞག་བྱེད་ཀྱིན་ཡོད་དམ།
 
ནམ་ཡང་ལན་བརྙེད་པར་དཀའ་བའི་དྲི་གཞི་དག
དབུགས་རིང་ནར་ནར་གྱིས་སེམས་ལ་སྒོམ་དུས།
གྲོགས་པོས་འབོད་སྐད་ཅིག་གིས།
རང་ཉིད་གཞུང་ལམ་ལ་རྒལ་དགོས་པ་ཚོར་བྱུང་།
                                       --༢༠༡༡/༩/༡༨/ལན་གྲུ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚོར་བའི་བསླུ་བྲིད།

2011-10-01 སྨག་འཇོམས།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།


བསྟུད་མར་ཉིན་གཉིས་ལ་བབ་པའི་ཆར་བས།
གཞི་ནས་སྟོན་ཟླ་སླེབས་པའི་སྔོན་བརྡ་རྒྱག་གིན་འདུག
རྣོ་ལྕགས་དང་ཨར་འདམ་གྱི་གྲིབ་གཟུགས་ལས།
འཁྱག་སིབ་སིབ་ཀྱི་རླུང་བུ་ཞིག་གང་སར་རྒྱུ།
 
གཞུང་ལམ་གྱི་འཇེབ་འཁོར་དང་འཕྲུལ་རྟའི་ཚོགས།
དུང་སྒྲ་རྣ་གཟེར་བ་རེ་བོས་རྗེས་ཤར་གྱིས་རྒྱུ་ཞིང་།
ཤ་མདོག་མི་གཅིག་པའི་མི་ཚོགས་ཀྱང་།
གོམ་འགྲོས་ཀྱི་སྔ་ཕྱི་རྩོད་ཀྱིན་རང་ལས་རྒྱང་དུ་གྱེས།
 
བྲེལ་ཟིང་གིས་ཁེངས་པའི་གྲོང་ཁྱེར་ལས།
རང་ཉིད་ལ་ན་ཟུག་གི་རྨ་ཁ་སྟེར་ཡོང་མཁན་ནི་ཕ་ཡུལ་རེད།
ཤ་རུས་ཁྲག་གསུམ་ཀྱི་དུང་བ་འདྲེན་པའི་ཕ་ས་ཕ་ཡུལ་རེད།
 
ཉིན་འདི་འགར་ཕ་ཡུལ་ན་བདུད་རྩའི་ཆར་བ་འབབ་ཀྱིན་ཡོད་དམ།
ཡང་ན་སྡིག་རྩུབ་ཀྱི་ཁ་བ་འཚུབ་ཀྱིན་ཡོད།
ཡུལ་མི་ཚོ་སྔར་བཞིན་འཇིགས་སྐྲག་གི་ལོ་ཟླ་ཞིག་ལ་གླན་ནས།
སེམས་ཀྱི་ཞི་བདེ་ཞིག་ལ་རེ་བཞག་བྱེད་ཀྱིན་ཡོད་དམ།
 
ནམ་ཡང་ལན་བརྙེད་པར་དཀའ་བའི་དྲི་གཞི་དག
དབུགས་རིང་ནར་ནར་གྱིས་སེམས་ལ་སྒོམ་དུས།
གྲོགས་པོས་འབོད་སྐད་ཅིག་གིས།
རང་ཉིད་གཞུང་ལམ་ལ་རྒལ་དགོས་པ་ཚོར་བྱུང་།
                                       --༢༠༡༡/༩/༡༨/ལན་གྲུ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།