ངས་དྲན་དྲགས་པའི་ནུབ་མོར།


ངས་དྲན་དྲགས་པའི་ནུབ་མོར
ཁྱོད་ཀྱི་འདྲ་པར་རེ་རེ་སྙིང་ལ་བརླན་དེ་
ཁ་པར་ལས་བརྡ་འཕྲིན་བཀླགས་ཐེངས་རེ་ལ
སྐད་སྒྲ་མེད་པའི་མིག་ཆུའི་ཐིགས་པ
ངའི་ངོ་གདོང་ནས་གཏན་མ་ཟད
 
དོ་ནུབ་  ཐག་རིང་ཐག་རིང་ཞིག་ནས
ངའི་ལག་པ་ལྟ་བའི་སེམས་པ་འདིའི
གློ་བུར་དུ་ཁྱོད་ཀྱི་གཟུགས་རིས་སྒོམ་དེ
མུ་མཐུན་དུ་རྨི་ལམ་དུ་ཁྱོད་ཉིད་བཙལ་གྱིན་ཡོད
 
གཤོག་པ་མེད་པའི་ཁྱོད་ཀྱི་སེམས་པ
དབྱིངས་གཟིགས་མེད་ཀྱང
ནམ་ཡང་གྲིབ་མ་བཞིན
ང་དང་ལྷན་དུ་ཡོད་ན
ཁྱོད་ཀྱི་སྦྲང་རྩི་བརླན་པའི་སེམས་པ་དེ་ཅི་འདྲིས་བརྟན
 
དོ་ནུབ   སྨྲ་བརྗོད་མི་ཤེས་པའི
སྟོང་སང་སང་གི་ཁེར་རྐྱང་གི་སེམས་པ་འདི་ལ
དྲན་གདུང་བཟོད་མེད་ཞིག་གི་ན་ཟུག་ཡོད་པ་སུ་ཡིས་ཚོར
དོ་ནུབ  གྲངས་ཀ་མི་ལོན་པའི
འཁྱག་སིབ་སིབ་ཀྱི་ཁ་བ་སྟུག་པོ
ངའི་སྙིང་དཀྱིལ་དུ་བབས་པ་སུ་ཡིས་རྟོགས
 
དོ་ནུབ   སྙུ་གུ་ཙམ་ལག་པའི་སྐྱོར་ཐུབ་སྐབས
ངས་འདི་ལྟར་བསམ་བཞིན
         འདི་ལྟར་བྲིས
‘‘སྙིང་ཉེ་ལགས
ཁྱོད་མེད་པའི་ངའི་མདུན་ལམ་ལ་འཆར་གཞི་མེད
ཁྱོད་མེད་པའི་ངའི་སེམས་ཁམས་ལ་དྲོད་ཁོལ་མེད
ང་ཁྱོད་དང་སྔ་མོ་ནས་གྱེས་ཟིན་མོད
ངའི་སྙིང་གསོན་པོ་ཐང་དཀྱིལ་ནས
ནམ་ཡང་འབོར་མི་སྲིད་པ་ཡང་ཁྱོད་ཡིན་ལ
 
སྙིང་ཉེ་ལགས
ངའི་ཕྱི་རོལ་ཧྲིལ་བོ་ཁ་བ་ལྟ་བའི་ཙག་རླུང་རྒོད
ངའི་ནང་སེམས་མ་ལུས་རྨ་ཁ་ལྟ་བའི་ན་ཚ་མང
ངས་རྨི་ལམ་གྱི་བྲོ་མངར་ཙམ་ཡང་མེད་པའི་འཇིག་རྟེན་གྱི་ཟུར་སྣེ་འདི་ལས
རྣོ་ངར་ཆེ་བའི་སྙུ་གུ་འཆང་ཡོད་པས
སྙན་ངག་གི་པང་ཁ་ནས
ནམ་ཡང་ཁྱོད་ལྟ་བུ་ཞིག་འབྲི་བཞིན་ཡོད’’                            
         ༢༠༡༡      ༧   ༧ ཉིན་མགོ་ལོག་གཅིག་སྒྲིལ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་དྲན་དྲགས་པའི་ནུབ་མོར།

2011-09-29 ལྷོ་སྤྲིན། ཀློག་གྲངས། མཆན ཡོད།


ངས་དྲན་དྲགས་པའི་ནུབ་མོར
ཁྱོད་ཀྱི་འདྲ་པར་རེ་རེ་སྙིང་ལ་བརླན་དེ་
ཁ་པར་ལས་བརྡ་འཕྲིན་བཀླགས་ཐེངས་རེ་ལ
སྐད་སྒྲ་མེད་པའི་མིག་ཆུའི་ཐིགས་པ
ངའི་ངོ་གདོང་ནས་གཏན་མ་ཟད
 
དོ་ནུབ་  ཐག་རིང་ཐག་རིང་ཞིག་ནས
ངའི་ལག་པ་ལྟ་བའི་སེམས་པ་འདིའི
གློ་བུར་དུ་ཁྱོད་ཀྱི་གཟུགས་རིས་སྒོམ་དེ
མུ་མཐུན་དུ་རྨི་ལམ་དུ་ཁྱོད་ཉིད་བཙལ་གྱིན་ཡོད
 
གཤོག་པ་མེད་པའི་ཁྱོད་ཀྱི་སེམས་པ
དབྱིངས་གཟིགས་མེད་ཀྱང
ནམ་ཡང་གྲིབ་མ་བཞིན
ང་དང་ལྷན་དུ་ཡོད་ན
ཁྱོད་ཀྱི་སྦྲང་རྩི་བརླན་པའི་སེམས་པ་དེ་ཅི་འདྲིས་བརྟན
 
དོ་ནུབ   སྨྲ་བརྗོད་མི་ཤེས་པའི
སྟོང་སང་སང་གི་ཁེར་རྐྱང་གི་སེམས་པ་འདི་ལ
དྲན་གདུང་བཟོད་མེད་ཞིག་གི་ན་ཟུག་ཡོད་པ་སུ་ཡིས་ཚོར
དོ་ནུབ  གྲངས་ཀ་མི་ལོན་པའི
འཁྱག་སིབ་སིབ་ཀྱི་ཁ་བ་སྟུག་པོ
ངའི་སྙིང་དཀྱིལ་དུ་བབས་པ་སུ་ཡིས་རྟོགས
 
དོ་ནུབ   སྙུ་གུ་ཙམ་ལག་པའི་སྐྱོར་ཐུབ་སྐབས
ངས་འདི་ལྟར་བསམ་བཞིན
         འདི་ལྟར་བྲིས
‘‘སྙིང་ཉེ་ལགས
ཁྱོད་མེད་པའི་ངའི་མདུན་ལམ་ལ་འཆར་གཞི་མེད
ཁྱོད་མེད་པའི་ངའི་སེམས་ཁམས་ལ་དྲོད་ཁོལ་མེད
ང་ཁྱོད་དང་སྔ་མོ་ནས་གྱེས་ཟིན་མོད
ངའི་སྙིང་གསོན་པོ་ཐང་དཀྱིལ་ནས
ནམ་ཡང་འབོར་མི་སྲིད་པ་ཡང་ཁྱོད་ཡིན་ལ
 
སྙིང་ཉེ་ལགས
ངའི་ཕྱི་རོལ་ཧྲིལ་བོ་ཁ་བ་ལྟ་བའི་ཙག་རླུང་རྒོད
ངའི་ནང་སེམས་མ་ལུས་རྨ་ཁ་ལྟ་བའི་ན་ཚ་མང
ངས་རྨི་ལམ་གྱི་བྲོ་མངར་ཙམ་ཡང་མེད་པའི་འཇིག་རྟེན་གྱི་ཟུར་སྣེ་འདི་ལས
རྣོ་ངར་ཆེ་བའི་སྙུ་གུ་འཆང་ཡོད་པས
སྙན་ངག་གི་པང་ཁ་ནས
ནམ་ཡང་ཁྱོད་ལྟ་བུ་ཞིག་འབྲི་བཞིན་ཡོད’’                            
         ༢༠༡༡      ༧   ༧ ཉིན་མགོ་ལོག་གཅིག་སྒྲིལ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།