གསེར་མདོག་གི་རྨི་ལམ་སྦྲུམ་པའི་ལོ་མའི་ལྟེབས་སུ།

བྱ་དོར་ཕུན་ཚོགས་དབང་ཕྱུག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-27


དུས་ཚིགས་གཅིག་ནི། ཁ་ཞོད་ཆེ་བའི་དགུན་ཀ་རེད།
དུས་ཚིགས་གཅིག་ནི། རྡུལ་ཟེགས་འཕྱོ་བའི་དཔྱིད་ཁ་རེད།
དུས་ཚིགས་གཅིག་ནི། ཆར་ཆུ་རྒོད་པའི་དབྱར་ཁ་རེད།
ཡང་བསྐྱར་གྱི་དུས་ཚོད་གཅིག་ནི། ཀུན་གྱིས་རྔམ་པའི་འབྲས་ལྡན་མ་དེའོ།

ཉི་འོད་སྤྲིན་གསེབ་ནས་རྡོལ་བའི་ཤག་སྒྲ་ཟམ་མི་ཆད་ཅིང༌།
འཇམ་རླུང་ལྗོན་འདབ་ཏུ་འཁྲིལ་བའི་རོལ་དབྱངས་ཀྱི་སྙན་འགྱུར་ཁྲོད།
སོ་ནམ་པའི་དགའ་སྤྲོ་དང་རང་རློམ་གྱི་སྐད་སྒྲས།
འཛིན་མའི་ལྟེ་སྙིང་ཡང་འགུལ་ཙམ་འགུལ་ཙམ་བྱེད།

ཉིན་དགུང་ཡོལ་ཙམ་ལ། དགོད་སྒྲ་དེ་ནི་ན་བུན་བཞིན་ཁད་ཀྱིས་བཞུར།
ཆར་རླུང་ལྟར་འུར་འུར་དུ་གྲགས་འོང་བ་ནི་སྲིད་གཞུང་གི་བརྡ་ཡིག་རེད།
མུན་པ་ལྟར་ནག་ཤིག་ཤིག་ཏུ་འཕྱུར་འོང་བ་ནི་ཤང་ཀྲང་གི་ངོ་གདོང་རེད།
སྡོང་ལོ་ལྟར་ཤབ་ཤུབ་ངང་བཟློ་བ་ནི་འབངས་མི་ཚོའི་ལྐོག་ལབ་བོ།

དེས་ན། གསེར་མདོག་གི་རྨི་ལམ་སྦྲུམ་པའི་ལོ་མའི་ལྟེབས་སུ།
སྨིན་ཐག་ཆོད་པའི་བསིལ་ཏོག་དེར།
སུ་ཞིག་གིས་འདོད་རྔམ་གྱི་སྲིན་ལག་རྐྱོང་བཞིན་མཆིས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསེར་མདོག་གི་རྨི་ལམ་སྦྲུམ་པའི་ལོ་མའི་ལྟེབས་སུ།

2011-09-27 བྱ་དོར་ཕུན་ཚོགས་དབང་ཕྱུག ཀློག་གྲངས། མཆན ཡོད།


དུས་ཚིགས་གཅིག་ནི། ཁ་ཞོད་ཆེ་བའི་དགུན་ཀ་རེད།
དུས་ཚིགས་གཅིག་ནི། རྡུལ་ཟེགས་འཕྱོ་བའི་དཔྱིད་ཁ་རེད།
དུས་ཚིགས་གཅིག་ནི། ཆར་ཆུ་རྒོད་པའི་དབྱར་ཁ་རེད།
ཡང་བསྐྱར་གྱི་དུས་ཚོད་གཅིག་ནི། ཀུན་གྱིས་རྔམ་པའི་འབྲས་ལྡན་མ་དེའོ།

ཉི་འོད་སྤྲིན་གསེབ་ནས་རྡོལ་བའི་ཤག་སྒྲ་ཟམ་མི་ཆད་ཅིང༌།
འཇམ་རླུང་ལྗོན་འདབ་ཏུ་འཁྲིལ་བའི་རོལ་དབྱངས་ཀྱི་སྙན་འགྱུར་ཁྲོད།
སོ་ནམ་པའི་དགའ་སྤྲོ་དང་རང་རློམ་གྱི་སྐད་སྒྲས།
འཛིན་མའི་ལྟེ་སྙིང་ཡང་འགུལ་ཙམ་འགུལ་ཙམ་བྱེད།

ཉིན་དགུང་ཡོལ་ཙམ་ལ། དགོད་སྒྲ་དེ་ནི་ན་བུན་བཞིན་ཁད་ཀྱིས་བཞུར།
ཆར་རླུང་ལྟར་འུར་འུར་དུ་གྲགས་འོང་བ་ནི་སྲིད་གཞུང་གི་བརྡ་ཡིག་རེད།
མུན་པ་ལྟར་ནག་ཤིག་ཤིག་ཏུ་འཕྱུར་འོང་བ་ནི་ཤང་ཀྲང་གི་ངོ་གདོང་རེད།
སྡོང་ལོ་ལྟར་ཤབ་ཤུབ་ངང་བཟློ་བ་ནི་འབངས་མི་ཚོའི་ལྐོག་ལབ་བོ།

དེས་ན། གསེར་མདོག་གི་རྨི་ལམ་སྦྲུམ་པའི་ལོ་མའི་ལྟེབས་སུ།
སྨིན་ཐག་ཆོད་པའི་བསིལ་ཏོག་དེར།
སུ་ཞིག་གིས་འདོད་རྔམ་གྱི་སྲིན་ལག་རྐྱོང་བཞིན་མཆིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།