འཚོ་གནས།

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-27


ངག་རྒྱུན་དུ་བཞུད་ལམ་རིང་མོ་ཞིག་གི་བརྒྱུད་རིམ་རྟོགས་ཡོང་ཕྱིར
ང་ནི་ཅིས་ཀྱང་འགྲོ་འདོད་ཀྱི་བསམ་པ་ཞིག་ཡེ་ནས་སྐྱེས་ཡོང་།
ས་དེ་ནི་སྤྲིན་དཀར་གྱི་མཆོད་སྦྱིན་ཕུལ་ཞིང་
མེ་ཏོག་གི་འཛུམ་གྲོལ་བཞད་པའི་གཞལ་ཡས་ཁང་ཞིག་གི་བཟོ་བཀོད་ལོས་ཡིན་སྙམ།

འབྲོང་ཁྱུ་རྫ་ལ་ཤོར་བའི་མིག་མདངས་ལས་ཨ་མྱེས་རྨ་ཆེན་གྱི་བརྗིད་ངམ་མཐོང་བྱུང་།
རྒོད་པོ་མཁའ་ལ་འཕུར་བའི་རྗེས་ཤུལ་ལས་ཇོ་མོ་གླང་མའི་དབུ་གཟན་མཐོང་བྱུང་།
ཚེ་སྲོག   མ་ཡུམ།  འབྱུང་ཁུངས།   འདི་དག་གི་ལང་ཚོ་རེད་འདུག

སྔོན་ཆད   མི་ལ་ལས
རྡོ་དང་གཡའ་མ་ལས་གྲུབ་པའི་ནགས་ཚལ་ཆེན་པོ་ཞིག་བསྐྲུན་འདོད་ཀྱིས
རྟག་ཏུ་སེམས་སྨྲེང་སྨྲེང་ལ་བསྡད་ཡོད།   དེ་དུས་སུ
ང་ནི་རང་དབང་གི་འཕུར་བའི་བྱིའུ་ཆུང་གི་གཤོག་སྒྲོ་ཉག་གཅིག་ཡིན་འདུག
འདི་ལ་གཏོགས་པའི་ཁོར་ཡུག་འདི་ནས་འཛེམ་དོགས་གང་ཡང་བྱ་མི་དགོས།

ས་ཆེན་པོའི་མིག་ཟུང་ནི་མེ་ལོང་ཞིག་རེད།  
གསང་བ་བཞིན་དོར་དཀའ་བའི་་རྡུལ་གྱི་ཕྲ་ཕུང་ཞིག་རེད།
ཚོད་དཔག་ལས་གསར་རྙེད་ཞིག་བྱུང་རྒྱུའི་རེ་བ་བཅིངས་ནས།
རེ་ཞིག་ལུས་བརྟེན་གང་ལ་གླན་གྱིན་གླན་གྱིན་དུ
གང་ལ་བགྲོད་དགོས་བའང་མ་ཤེས་བར་
མུན་ནག་གི་མིག་ཟུང་ལ་གཏན་དུ་གཡོ་འགུལ་ཐེབས་དུས་སུ
ངས་ལམ་སང་མཛུབ་མོར་བཙུགས་ནས་
མིག་མདུན་གྱི་གོམས་ལོབས་སུ་བྱིངས་བའི་ལམ་ཆེན་དེ་ནི
ཡིད་དུ་འོང་བའི་ངའི་རྟག་བརྟན་གྱི་འཚོ་གནས་ཡིན་འདུག
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཚོ་གནས།

2011-09-27 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།


ངག་རྒྱུན་དུ་བཞུད་ལམ་རིང་མོ་ཞིག་གི་བརྒྱུད་རིམ་རྟོགས་ཡོང་ཕྱིར
ང་ནི་ཅིས་ཀྱང་འགྲོ་འདོད་ཀྱི་བསམ་པ་ཞིག་ཡེ་ནས་སྐྱེས་ཡོང་།
ས་དེ་ནི་སྤྲིན་དཀར་གྱི་མཆོད་སྦྱིན་ཕུལ་ཞིང་
མེ་ཏོག་གི་འཛུམ་གྲོལ་བཞད་པའི་གཞལ་ཡས་ཁང་ཞིག་གི་བཟོ་བཀོད་ལོས་ཡིན་སྙམ།

འབྲོང་ཁྱུ་རྫ་ལ་ཤོར་བའི་མིག་མདངས་ལས་ཨ་མྱེས་རྨ་ཆེན་གྱི་བརྗིད་ངམ་མཐོང་བྱུང་།
རྒོད་པོ་མཁའ་ལ་འཕུར་བའི་རྗེས་ཤུལ་ལས་ཇོ་མོ་གླང་མའི་དབུ་གཟན་མཐོང་བྱུང་།
ཚེ་སྲོག   མ་ཡུམ།  འབྱུང་ཁུངས།   འདི་དག་གི་ལང་ཚོ་རེད་འདུག

སྔོན་ཆད   མི་ལ་ལས
རྡོ་དང་གཡའ་མ་ལས་གྲུབ་པའི་ནགས་ཚལ་ཆེན་པོ་ཞིག་བསྐྲུན་འདོད་ཀྱིས
རྟག་ཏུ་སེམས་སྨྲེང་སྨྲེང་ལ་བསྡད་ཡོད།   དེ་དུས་སུ
ང་ནི་རང་དབང་གི་འཕུར་བའི་བྱིའུ་ཆུང་གི་གཤོག་སྒྲོ་ཉག་གཅིག་ཡིན་འདུག
འདི་ལ་གཏོགས་པའི་ཁོར་ཡུག་འདི་ནས་འཛེམ་དོགས་གང་ཡང་བྱ་མི་དགོས།

ས་ཆེན་པོའི་མིག་ཟུང་ནི་མེ་ལོང་ཞིག་རེད།  
གསང་བ་བཞིན་དོར་དཀའ་བའི་་རྡུལ་གྱི་ཕྲ་ཕུང་ཞིག་རེད།
ཚོད་དཔག་ལས་གསར་རྙེད་ཞིག་བྱུང་རྒྱུའི་རེ་བ་བཅིངས་ནས།
རེ་ཞིག་ལུས་བརྟེན་གང་ལ་གླན་གྱིན་གླན་གྱིན་དུ
གང་ལ་བགྲོད་དགོས་བའང་མ་ཤེས་བར་
མུན་ནག་གི་མིག་ཟུང་ལ་གཏན་དུ་གཡོ་འགུལ་ཐེབས་དུས་སུ
ངས་ལམ་སང་མཛུབ་མོར་བཙུགས་ནས་
མིག་མདུན་གྱི་གོམས་ལོབས་སུ་བྱིངས་བའི་ལམ་ཆེན་དེ་ནི
ཡིད་དུ་འོང་བའི་ངའི་རྟག་བརྟན་གྱི་འཚོ་གནས་ཡིན་འདུག
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།