དུངས་ཞེན་རིགས་ཤིག


མེ་ཏོག་གིས་བསླེས་པའི་ཁྲ་ཆིལ་གྱི་མགོ་རྒྱན།
ཡང་ན་རྡོ་བའི་ཚོགས་ལས་བརྙེད་པའི་གསེར་གྱི་རྣ་ཏོག
མི་རབས་མང་བོ་ཞིག་ལ་ཁ་དོག་མ་ཡལ་བའི།
ཕ་མའི་རེ་བཞག་གི་རྡོ་རིང་བརྟན་བརླིང་དེ།
ཆབ་སྲིད་པའི་སྙིང་ལ་གཙེས་ཞིང༌།
ཁྲིམས་ལུགས་པའི་མིག་ལ་གཟན།
 
འཁོར་སྐྱོད་ཀྱིས་ལོ་ཟླས་སྦངས་པའི་ཕྱི་གོས་ལེབ་མོ།
ཙག་རླུང་དང་ཆར་ཞོད་ཀྱིས་ཅི་ལྟར་རྩུབ་བརྡར་བྱས་ཀྱང༌།
ནང་བཅུད་ལ་སྙལ་བའི་རིགས་ཞེན་གྱི་མེ་ཕུང་གསོན་པོ་དེ།
ནམ་ཡང་གཟིམ་པ་མེད་པའི་རྟག་བརྟན་གྱི་རྒྱབ་རི་ཨེ།
 
འབྲོང་བྲེ་ལོའི་ས་མཐའ་འགྲིམ་ཤུལ་གྱི་རྫ་རི།
བྱ་རྒོད་པོའི་ནམ་འཕང་བཅད་ཤུལ་གྱི་བྲག་ཐེམ།
ལོ་རབས་སྟོང་ཕྲག་ལ་དབྱར་མཚོ་ལྟར་རྒྱས་ཤིང༌།
མི་རབས་ཁྲི་ཕྲག་ལ་ཉིན་བྱེད་བཞིན་འཚེར་མྱོང་བའི།
བདག་གི་ཕ་ས་སྨུག་པོ་ཨང༌།
ད་ལྟ་སུ་ཞིག་གི་ངོ་གདོང་ལ་བལྟས་ཏེ།
རང་ཉིད་གཡོ་འཚོང་བྱེད་དགོས་སོང༌།
                 ༢༠༡༡. ༩. ༡༧ ལན་གྲུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུངས་ཞེན་རིགས་ཤིག

2011-09-23 སྨག་འཇོམས། ཀློག་གྲངས། མཆན ཡོད།


མེ་ཏོག་གིས་བསླེས་པའི་ཁྲ་ཆིལ་གྱི་མགོ་རྒྱན།
ཡང་ན་རྡོ་བའི་ཚོགས་ལས་བརྙེད་པའི་གསེར་གྱི་རྣ་ཏོག
མི་རབས་མང་བོ་ཞིག་ལ་ཁ་དོག་མ་ཡལ་བའི།
ཕ་མའི་རེ་བཞག་གི་རྡོ་རིང་བརྟན་བརླིང་དེ།
ཆབ་སྲིད་པའི་སྙིང་ལ་གཙེས་ཞིང༌།
ཁྲིམས་ལུགས་པའི་མིག་ལ་གཟན།
 
འཁོར་སྐྱོད་ཀྱིས་ལོ་ཟླས་སྦངས་པའི་ཕྱི་གོས་ལེབ་མོ།
ཙག་རླུང་དང་ཆར་ཞོད་ཀྱིས་ཅི་ལྟར་རྩུབ་བརྡར་བྱས་ཀྱང༌།
ནང་བཅུད་ལ་སྙལ་བའི་རིགས་ཞེན་གྱི་མེ་ཕུང་གསོན་པོ་དེ།
ནམ་ཡང་གཟིམ་པ་མེད་པའི་རྟག་བརྟན་གྱི་རྒྱབ་རི་ཨེ།
 
འབྲོང་བྲེ་ལོའི་ས་མཐའ་འགྲིམ་ཤུལ་གྱི་རྫ་རི།
བྱ་རྒོད་པོའི་ནམ་འཕང་བཅད་ཤུལ་གྱི་བྲག་ཐེམ།
ལོ་རབས་སྟོང་ཕྲག་ལ་དབྱར་མཚོ་ལྟར་རྒྱས་ཤིང༌།
མི་རབས་ཁྲི་ཕྲག་ལ་ཉིན་བྱེད་བཞིན་འཚེར་མྱོང་བའི།
བདག་གི་ཕ་ས་སྨུག་པོ་ཨང༌།
ད་ལྟ་སུ་ཞིག་གི་ངོ་གདོང་ལ་བལྟས་ཏེ།
རང་ཉིད་གཡོ་འཚོང་བྱེད་དགོས་སོང༌།
                 ༢༠༡༡. ༩. ༡༧ ལན་གྲུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།