ཉི་མ་ལྷ་ས།


ལྷ་སར་ཧ་ཅང་རྒྱང་ཐག་རིང་ནའང
ང་ཉི་མ་ལྷན་དུ་དང་ལྷ་སར་འགྲོ་བཞིན་ཡོད
ཁེར་རྐྱང་གི་རྣམ་ཤེས་སྒོམ་པའི་པོ་ཏ་ལར་དཀྱུས་ཤིག་རྒྱག་ཆེད
བཙན་པོའི་སྙིང་སྟོབས་གོས་སུ་མནབས་ཏེ་འགྲོ་བཞིན་ཡོད

ཉི་མས་ཁོ་བོར་སྒུག་མི་སྲིད་ནའང
ཉི་མའི་འོད་སྣང་དང་ཆབས་ཅིག་ང་ལམ་དུ་ཆས་བཞིན་ཡོད
ལྷ་ཚོགས་ཀྱི་འཛུམ་ཞལ་ལྷུག་ལྷུག་ཁྲོད་ཀྱི་ཉི་མ་ལྷ་སར
གུས་ཕྱག་འཚལ་ཏེ་དཔྲལ་བ་གཏུག་པ་ཁོ་ན་མིན་པར
བོར་ནས་ཡུན་རིང་འགོར་ཟིན་པའི
རིགས་ཀྱི་རྣམ་ཤེས་གསོན་པོ་དེ་འཚོལ་བར་འགྲོ་དགོས

ཉི་མ་ལྷ་ས ཉི་འོད་ལམ་ལམ་གྱི་ཁྲོད་ན་འཚེར་བ་བདེན་ནམ
ཉི་མ་ལྷ་ས ཟླ་འོད་བསིལ་བསིལ་གྱི་ངོགས་ན་མངོན་པ་བདེན་པ་ནམ
ཉི་མ་ལྷ་ས སྨག་གནག་གི་མཚན་ལྗོངས་ཁྲོད
ཅེ་སྤྱང་གི་་གདན་སར་གྱུར་བ་བདེན་ནམ
ཐེ་ཚོམ་གྱི་དྲི་བ་མང་པོ་ནང་སེམས་སུ་འཚང་ཁ་རྒྱག་ཞོར
ང་ཉི་མ་དང་ལྷན་དུ་ལྷ་སར་འགྲོ་བཞིན་ཡོད

དུས་ཚོད་ཀྱིས་སྲེག་གིན་པའི་ཉི་མ
བསྲེགས་ཚར་བའི་བུད་ཤིང་བཞིན་ས་སྲོད་ཀྱི་མཁའ་མཐར་ལྷུང་དུས
ངའང་མེས་པོ་གང་ཞིག་གི་སློག་ཧྲུལ་འདྲ་བའི་ཉི་མ་ལྷ་སར་འབྱོར་ཐུབ་བམ

ཉི་མ་ལྷ་ས གསེར་ནག་གྲུ་བཞིའི་སྒམ་ཆུང་ཞིག་ཡིན་པའི་དབང་དུ་བཏང་ན
དེའི་ལྡེ་མིག་ཐོགས་མཁན་སུ་ཡིན


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་མ་ལྷ་ས།

2011-09-21 སྨུག་པོ་གདོང་། ཀློག་གྲངས། མཆན ཡོད།


ལྷ་སར་ཧ་ཅང་རྒྱང་ཐག་རིང་ནའང
ང་ཉི་མ་ལྷན་དུ་དང་ལྷ་སར་འགྲོ་བཞིན་ཡོད
ཁེར་རྐྱང་གི་རྣམ་ཤེས་སྒོམ་པའི་པོ་ཏ་ལར་དཀྱུས་ཤིག་རྒྱག་ཆེད
བཙན་པོའི་སྙིང་སྟོབས་གོས་སུ་མནབས་ཏེ་འགྲོ་བཞིན་ཡོད

ཉི་མས་ཁོ་བོར་སྒུག་མི་སྲིད་ནའང
ཉི་མའི་འོད་སྣང་དང་ཆབས་ཅིག་ང་ལམ་དུ་ཆས་བཞིན་ཡོད
ལྷ་ཚོགས་ཀྱི་འཛུམ་ཞལ་ལྷུག་ལྷུག་ཁྲོད་ཀྱི་ཉི་མ་ལྷ་སར
གུས་ཕྱག་འཚལ་ཏེ་དཔྲལ་བ་གཏུག་པ་ཁོ་ན་མིན་པར
བོར་ནས་ཡུན་རིང་འགོར་ཟིན་པའི
རིགས་ཀྱི་རྣམ་ཤེས་གསོན་པོ་དེ་འཚོལ་བར་འགྲོ་དགོས

ཉི་མ་ལྷ་ས ཉི་འོད་ལམ་ལམ་གྱི་ཁྲོད་ན་འཚེར་བ་བདེན་ནམ
ཉི་མ་ལྷ་ས ཟླ་འོད་བསིལ་བསིལ་གྱི་ངོགས་ན་མངོན་པ་བདེན་པ་ནམ
ཉི་མ་ལྷ་ས སྨག་གནག་གི་མཚན་ལྗོངས་ཁྲོད
ཅེ་སྤྱང་གི་་གདན་སར་གྱུར་བ་བདེན་ནམ
ཐེ་ཚོམ་གྱི་དྲི་བ་མང་པོ་ནང་སེམས་སུ་འཚང་ཁ་རྒྱག་ཞོར
ང་ཉི་མ་དང་ལྷན་དུ་ལྷ་སར་འགྲོ་བཞིན་ཡོད

དུས་ཚོད་ཀྱིས་སྲེག་གིན་པའི་ཉི་མ
བསྲེགས་ཚར་བའི་བུད་ཤིང་བཞིན་ས་སྲོད་ཀྱི་མཁའ་མཐར་ལྷུང་དུས
ངའང་མེས་པོ་གང་ཞིག་གི་སློག་ཧྲུལ་འདྲ་བའི་ཉི་མ་ལྷ་སར་འབྱོར་ཐུབ་བམ

ཉི་མ་ལྷ་ས གསེར་ནག་གྲུ་བཞིའི་སྒམ་ཆུང་ཞིག་ཡིན་པའི་དབང་དུ་བཏང་ན
དེའི་ལྡེ་མིག་ཐོགས་མཁན་སུ་ཡིན


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།