འཁྱོལ་དཀའ་བའི་ཉི་མ་འདི་དག་གི་རིང་ལ།

ཚེར་མ་ཁེར་སྐྱེས།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-13


འཁྱོལ་ཐབས་དཀའ་བའི་ཉིན་འདི་དག་གི་རིང་ལ
ང་ལ་བློས་ཐུབ་ཀྱི་གྲོགས་པོ་གཅིག་ཀྱང་མེད་པ་ག་ལ་ཡིན
རང་ཉིད་ཀྱི་ན་ཚོད་དང་འཚམ་པའི་སྐད་ཆ་ཤོད་རོགས་ཤིག་མེད་པའི་དབང་གིས
སུན་སྣང་དང་ཁེར་རྐྱང་གིས་འདས་པའི་དུས་ཚོད་དམར་གསོད་གཏོང་དགོས་བྱུང
 
འཁྱོལ་ཐབས་དཀའ་བའི་ཉིན་འདི་དག་གི་རིང་ལ
ང་ལ་ཉིན་དང་མཚན་གྱི་དབྱེ་ཐག་འབྱེད་པའི་དྲན་པ་ཉམས་སོང་བ་ག་ལ་ཡིན
རང་ཉིད་ཀྱི་མིག་དབང་དང་བསྟུན་པའི་གནད་དོན་གླེང་རོགས་ཤིག་མེད་པའི་དབང་གིས
སེམས་ཁྲལ་དང་ན་ཟུག་གིས་བསྡམས་པའི་བར་སྐབས་རེ་རེ་དུར་འཇུག་བྱ་དགོས་བྱུང
 
འཁྱོལ་ཐབས་དཀའ་བའི་ཉིན་འདི་དག་གི་རིང་ལ
ང་ལ་ཟས་ཀྱིས་མནར་བའི་སྡུག་བསྔལ་གྱི་བཀྲེས་ལྟོགས་མ་བཟོད་པ་ག་ལ་ཡིན
རང་ཉིད་ཀྱི་བྱ་སྤྱོད་དང་མཐུན་པའི་རང་ཚུགས་འཛིན་མཁན་ཞིག་མེད་པའི་དབང་གིས
ཕུགས་འདུན་དང་ཁ་ཕྱོགས་གིས་གཅུན་པའི་ལང་ཚོ་རེ་རེ་ཨུ་ཚུགས་ཀྱིས་བརླག་དགོས་བྱུང
 
འཁྱོལ་ཐབས་དཀའ་བའི་ཉིན་འདི་དག་གི་རིང་ལ
ང་ལ་ལོ་རྒྱུས་ལ་འཁེན་པའི་མི་རབས་ཀྱི་རྐང་རྗེས་བཞག་ཡོད་པའི་དབང་གིས
རང་ཉིད་ཀྱི་འགྲོ་འདུག་ལ་ཐེ་གཏོགས་མི་བྱེད་པའི་དམ་བཅའ་འཇོག་སྲིད་དེ
བདག་པོ་རང་ཉིད་ཡིན་པའི་མི་ཁ་འདི་སུས་བཟློག་ཕོད་དམ
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁྱོལ་དཀའ་བའི་ཉི་མ་འདི་དག་གི་རིང་ལ།

2011-09-13 ཚེར་མ་ཁེར་སྐྱེས།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།


འཁྱོལ་ཐབས་དཀའ་བའི་ཉིན་འདི་དག་གི་རིང་ལ
ང་ལ་བློས་ཐུབ་ཀྱི་གྲོགས་པོ་གཅིག་ཀྱང་མེད་པ་ག་ལ་ཡིན
རང་ཉིད་ཀྱི་ན་ཚོད་དང་འཚམ་པའི་སྐད་ཆ་ཤོད་རོགས་ཤིག་མེད་པའི་དབང་གིས
སུན་སྣང་དང་ཁེར་རྐྱང་གིས་འདས་པའི་དུས་ཚོད་དམར་གསོད་གཏོང་དགོས་བྱུང
 
འཁྱོལ་ཐབས་དཀའ་བའི་ཉིན་འདི་དག་གི་རིང་ལ
ང་ལ་ཉིན་དང་མཚན་གྱི་དབྱེ་ཐག་འབྱེད་པའི་དྲན་པ་ཉམས་སོང་བ་ག་ལ་ཡིན
རང་ཉིད་ཀྱི་མིག་དབང་དང་བསྟུན་པའི་གནད་དོན་གླེང་རོགས་ཤིག་མེད་པའི་དབང་གིས
སེམས་ཁྲལ་དང་ན་ཟུག་གིས་བསྡམས་པའི་བར་སྐབས་རེ་རེ་དུར་འཇུག་བྱ་དགོས་བྱུང
 
འཁྱོལ་ཐབས་དཀའ་བའི་ཉིན་འདི་དག་གི་རིང་ལ
ང་ལ་ཟས་ཀྱིས་མནར་བའི་སྡུག་བསྔལ་གྱི་བཀྲེས་ལྟོགས་མ་བཟོད་པ་ག་ལ་ཡིན
རང་ཉིད་ཀྱི་བྱ་སྤྱོད་དང་མཐུན་པའི་རང་ཚུགས་འཛིན་མཁན་ཞིག་མེད་པའི་དབང་གིས
ཕུགས་འདུན་དང་ཁ་ཕྱོགས་གིས་གཅུན་པའི་ལང་ཚོ་རེ་རེ་ཨུ་ཚུགས་ཀྱིས་བརླག་དགོས་བྱུང
 
འཁྱོལ་ཐབས་དཀའ་བའི་ཉིན་འདི་དག་གི་རིང་ལ
ང་ལ་ལོ་རྒྱུས་ལ་འཁེན་པའི་མི་རབས་ཀྱི་རྐང་རྗེས་བཞག་ཡོད་པའི་དབང་གིས
རང་ཉིད་ཀྱི་འགྲོ་འདུག་ལ་ཐེ་གཏོགས་མི་བྱེད་པའི་དམ་བཅའ་འཇོག་སྲིད་དེ
བདག་པོ་རང་ཉིད་ཡིན་པའི་མི་ཁ་འདི་སུས་བཟློག་ཕོད་དམ
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།