འབྱུང་བཞིར་འཐིམས་པའི་བརྩེ་བ།

ལྷ་འགྲོན་བུ་མགོན་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-12

འབྱུང་བཞིར་བརྩེ་བའི་ང
དུས་ཀྱི་རལ་གྲིའི་སོ་ཁ་ནས
རྒུན་ཆང་གིས་ར་བཟི་བའི་ཆང་མ་ཞིག་དང་མཚུངས་བར
དངུལ་ལོར་དང་སྙིང་གཏམ་ཡོད་ཚད
སྦི་རག་འཐུང་ཤུལ་གྱི་དམ་བུ་ནང་བཞིན
བཞི་མདོ་ནས་ཆག་མྱོང་ལ་རི་སྒང་ནས་གཡུགས་མྱོང
སོང་སོང་གི་ངའི་མལ་སྟན་དྲོན་མོ
ངུ་སྐད་འཆོར་མྱོང་བའི་ས་ཆེན་པོ་འདི་ལས
ཆེས་མཐའ་འཇུག་གི་སྐྱབས་བཅོལ་ཞུ་ཡུལ་ཞིག་མ་རྙེད
གལ་སྲིད      རོ་སྟོད་བརྟེན་སའི་རྐང་བ་ཆ་འདིས
བཀྲ་ཤིས་བདེ་ལེགས་ཀྱི་ཁམས་བདེ་འཚམས་ཤིག་གི་རྫོངས་བ་ཕུལ་ཐུབ་ཚེ
གདོང་ན་འཛུམ་པའི་ཁའི་པད་མོ་འདི་སྔ་མོ་ནས་རྙིལ་ཟིན་པ་ང་ལ་ཡིད་ཆེས་ཡོད

འབྱུང་བཞིར་བརྩེ་བའི་ང
དུས་ཀྱི་རལ་གྲིའི་སོ་ཁ་ནས
འཁོར་བ་ལ་ལྕགས་ཟྭ་བརྒྱབ་པའི་བྱ་བཏང་བ་ཞིག་གིས་ཟོལ་གྱིས
རི་བོ་གདན་དུ་བཏིང་ཞིང་ཆུ་མོ་ལག་ཏུ་ཐོགས་ཞོར
སྲིད་ཞུ་དང་སྣང་སྟོང་གི་ལག་པའི་ཕྱི་ནང་དུ་འོད་ཡོད་མེད་དང
ཡོད་དགག་དང་མེད་དགག་གི་མཚམས་ཐིག་ན་འཇའ་རིས་བཀྲ་ཡོད་མེད་ལ་གསན་ཞོར
ལན་རེར་རྡོ་རྗེ་བསྐྱིལ་དཀྲུང་དུ་བཙན་གྱིས་བསྡད་མྱོང་ལ
སྐབས་རེར་རྐང་གླིང་ལ་བུ་ག་རེ་གཏོད་ནས་ཉི་མ་ཤར་སའི་རྡུང་ལེན་རེ་རམ་དཀྲོལ་བྱས་པ
ཁྱེད་ཀྱིས་ཕོ་ཚོད་ཆེ་བའི་སྐྱ་ཐིག་ཅིག་དང
རང་ཚོད་མི་ཐུབ་པའི་འཆལ་གཏམ་ཞིག་ཏུ་འཁུམས་ཀྱང་རུང
ང་ནམ་ཡང་དཀར་བོང་བོང་གི་ལམ་ག་ནས་བཞུད་ཀྱིན་པས
མདུན་བསྐྱོད་ཀྱིས་ཕྱི་མིག་གི་དགའ་སྟོན་དུ་བཀྲམ་པ
བཀྲག་མདངས་བཀྲ་བའི་ལྡེབས་རིས་ཤིག་ལས་མ་འདས

འབྱུང་བཞི་བརྩེ་བའི་ང
སྐྱེས་རྒ་ན་འཆིའི་འཁོར་ལོའི་རྩིབ་མ་རེ་རེ་སྟེང
བརྟན་ཞིང་བརླིང་བའི་སའི་མགོ་བོ་འདིར་འདིར་བྱིལ་བྱིལ་རེ་དང
འཇམ་ཞིང་མཉེན་པའི་ཆུ་མོའི་བཞུར་རྒྱུན་ལ་འོ་རེ་བྱེད་ཞོར
ཚ་ཞིང་དྲོད་ཀྱིས་བརྟས་པའི་སེམས་ཀྱི་ཨ་ལོང་དབུ་རུ་གྱོན་ནས
འཕྲེད་གླིང་མི་ཐོགས་ཀྱང་སྒྲ་དབྱངས་ཀྱིས་ཕྱུག་པའི་རང་དབང་གི་མགྱོགས་འགྲོར་བཅིབས་ནས
བང་གི་མི་ཆོད་ཀྱང་སེམས་ཀྱི་མི་རྟོགས་པའི་ལྷ་ལམ་རྒྱུ་འགྲོ

འབྱུང་བཞིར་བརྩེ་བའི་ང
དུས་ཀྱི་རལ་གྲིའི་སོ་ཁ་ནས
བརྩེ་བ་རྣལ་མ་ཞིག་གིས   དུངས་བ་ཚོན་པོ་ཞིག་གིས
ཡང་བསྐྱར་འབྱུང་བཞིར་འཐིམས་འགྲོ
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྱུང་བཞིར་འཐིམས་པའི་བརྩེ་བ།

2011-09-12 ལྷ་འགྲོན་བུ་མགོན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།