ཟི་ཁྲོན་བུ་མོའི་མིག་མདངས་དང་ཉིན་འདི་ཚོ།༼ཁག་གཉིས་པ༽

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-12


ངའི་ཁ་པར་གྱི་སྐུད་སྣེ་ན་ལུས་པའི་བུ་མོ
ཉིན་འདི་ཚོ  རྟག་ཏུ་ང་ལ་ཡིབ་གིན་འདུག
ཉིན་འདི་ཚོ  ང་ཁེར་རྐྱང་ཡིན
ཉིན་འདི་ཚོ  ངས་འཕྲིན་པའང་བསྐུར་མི་འདོད
ཉིན་འདི་ཚོ  ལྗིད་ཏིག་ཏིག་གི་དཔེ་ཁུར་དེ་དང
ལྷིང་འཇགས་འཇགས་ཀྱི་དཔེ་ཀློག་ཁང་འདི་ངའི་འདུག་ས་ཡིན
རྒྱུ་རྐྱེན་ཅི་ཡིན་མི་ཤེས་ཀྱང 
འཕྲིན་པའི་བར་གསེང་གི་ངོ་ཤེས་ཏེ
སི་ཁྲོན་བུ་མོ་རིག་ཐེངས་རེར
ང་ལ་འགྱོད་པ་སྐྱེས་བྱུང
བསྐུར་ཟིན་པའི་འཕྲིན་པ་དེ་དག་དང
ད་རུང་ཁ་མ་གྲགས་པའི་དུས་བཅད་དེར
རྒྱུ་མཚན་ནི   ཁོ་མོའི་མིག་མདངས་དེར་བསམ་ན
ང་ཁོ་མོའི་རང་དབང་གི་འཚོ་བར་འཛུལ་སོང་བ་འདྲ
མིའི་འཚོ་བར་ཐེ་གཏོགས་བྱས་པ་ན་དང
བསམ་བློ་ལ་ཐེ་གཏོགས་བྱས་པ་ནི
མི་སེམས་བྲལ་བའི་བཙན་འཛུལ་བ་ངོ་མ་དེ་ཡིན
དེ་བས   ངས་དེ་ལྟ་བུ་ཞིག་གཏན་ནས་མི་འདོད
ང་ལ་ཅི་ཡང་མི་དགོས
ཀློག་བཞིན་པའི་དཔེ་ཆ་འདི་ཚོ་ངའི་གྲོགས་པོ་ཡིན
སྡོད་བཞིན་པའི་དཔེ་ཀློག་ཁང་འདི
ང་ལ་དབང་བའི་རང་དབང་གི་ཁོར་ཡུག་དེ་ཡིན
ང་ལ་མང་འདུག
ལྷག་བསམ་གྱིས་ཕྱུག་པའི་ཕ་མ་ཟུང་དང
རེ་སྙེག་གིས་ཁེངས་པའི་གཉེན་ཉེ་ཚོ
ད་དུང་སྤྲོ་སྐྱིད་ཀྱིས་མྱོས་པའི་གྲོགས་པོ་འདི་ཚོ
ནང་སྒོས་སུ   ཀློག་བཞིན་པའི་དཔེ་ཆ་འདི་ཚོ
སྡོད་བཞིན་པའི་དཔེ་ཀློག་ཁང་གིས་ང་ལ་ཆོག་འདུག
སི་ཁྲོན་བུ་མོའི་མིག་མདངས་ཀྱི་རྒྱབ་ལྗོངས་ན
ལྐོག་གྱུར་གྱི་གསང་བ་ཅི་ཞིག་མཆིས་བ་ཤེས་ཀྱང་མི་ཤེས་ལ
ཤེས་འདོད་པའི་འདུན་པའང་ང་ལ་མི་འདུག
སི་ཁྲོན་བུ་མོ  ངས་ཁྱོད་ལ་བཀའ་དྲིན་ཞུ
ཉིན་འདི་ཚོ  ང་རང་ཧ་ཅང་སྐྱིད
སེམས་གཏམ་བཤད་སའི་གྲོགས་པོ་མེད་རུང
དགའ་བ་འཕེལ་སའི་དཔེ་ཆ་ཡོད་ལ
ལྷིང་འཇགས་ཡིན་པའི་ཁོར་ཡུག་ཅིག་ཀྱང་ཡོད་འདུག        
                 2009.10.7དཔེ་ཀློག་ཁང་ནས་ཤར་མར་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟི་ཁྲོན་བུ་མོའི་མིག་མདངས་དང་ཉིན་འདི་ཚོ།༼ཁག་གཉིས་པ༽

2011-09-12 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།


ངའི་ཁ་པར་གྱི་སྐུད་སྣེ་ན་ལུས་པའི་བུ་མོ
ཉིན་འདི་ཚོ  རྟག་ཏུ་ང་ལ་ཡིབ་གིན་འདུག
ཉིན་འདི་ཚོ  ང་ཁེར་རྐྱང་ཡིན
ཉིན་འདི་ཚོ  ངས་འཕྲིན་པའང་བསྐུར་མི་འདོད
ཉིན་འདི་ཚོ  ལྗིད་ཏིག་ཏིག་གི་དཔེ་ཁུར་དེ་དང
ལྷིང་འཇགས་འཇགས་ཀྱི་དཔེ་ཀློག་ཁང་འདི་ངའི་འདུག་ས་ཡིན
རྒྱུ་རྐྱེན་ཅི་ཡིན་མི་ཤེས་ཀྱང 
འཕྲིན་པའི་བར་གསེང་གི་ངོ་ཤེས་ཏེ
སི་ཁྲོན་བུ་མོ་རིག་ཐེངས་རེར
ང་ལ་འགྱོད་པ་སྐྱེས་བྱུང
བསྐུར་ཟིན་པའི་འཕྲིན་པ་དེ་དག་དང
ད་རུང་ཁ་མ་གྲགས་པའི་དུས་བཅད་དེར
རྒྱུ་མཚན་ནི   ཁོ་མོའི་མིག་མདངས་དེར་བསམ་ན
ང་ཁོ་མོའི་རང་དབང་གི་འཚོ་བར་འཛུལ་སོང་བ་འདྲ
མིའི་འཚོ་བར་ཐེ་གཏོགས་བྱས་པ་ན་དང
བསམ་བློ་ལ་ཐེ་གཏོགས་བྱས་པ་ནི
མི་སེམས་བྲལ་བའི་བཙན་འཛུལ་བ་ངོ་མ་དེ་ཡིན
དེ་བས   ངས་དེ་ལྟ་བུ་ཞིག་གཏན་ནས་མི་འདོད
ང་ལ་ཅི་ཡང་མི་དགོས
ཀློག་བཞིན་པའི་དཔེ་ཆ་འདི་ཚོ་ངའི་གྲོགས་པོ་ཡིན
སྡོད་བཞིན་པའི་དཔེ་ཀློག་ཁང་འདི
ང་ལ་དབང་བའི་རང་དབང་གི་ཁོར་ཡུག་དེ་ཡིན
ང་ལ་མང་འདུག
ལྷག་བསམ་གྱིས་ཕྱུག་པའི་ཕ་མ་ཟུང་དང
རེ་སྙེག་གིས་ཁེངས་པའི་གཉེན་ཉེ་ཚོ
ད་དུང་སྤྲོ་སྐྱིད་ཀྱིས་མྱོས་པའི་གྲོགས་པོ་འདི་ཚོ
ནང་སྒོས་སུ   ཀློག་བཞིན་པའི་དཔེ་ཆ་འདི་ཚོ
སྡོད་བཞིན་པའི་དཔེ་ཀློག་ཁང་གིས་ང་ལ་ཆོག་འདུག
སི་ཁྲོན་བུ་མོའི་མིག་མདངས་ཀྱི་རྒྱབ་ལྗོངས་ན
ལྐོག་གྱུར་གྱི་གསང་བ་ཅི་ཞིག་མཆིས་བ་ཤེས་ཀྱང་མི་ཤེས་ལ
ཤེས་འདོད་པའི་འདུན་པའང་ང་ལ་མི་འདུག
སི་ཁྲོན་བུ་མོ  ངས་ཁྱོད་ལ་བཀའ་དྲིན་ཞུ
ཉིན་འདི་ཚོ  ང་རང་ཧ་ཅང་སྐྱིད
སེམས་གཏམ་བཤད་སའི་གྲོགས་པོ་མེད་རུང
དགའ་བ་འཕེལ་སའི་དཔེ་ཆ་ཡོད་ལ
ལྷིང་འཇགས་ཡིན་པའི་ཁོར་ཡུག་ཅིག་ཀྱང་ཡོད་འདུག        
                 2009.10.7དཔེ་ཀློག་ཁང་ནས་ཤར་མར་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།