འུ་ལག་རི་བོའི་མིག་ཆུ།

འབའ་གངས་སྲས།༼ཟི་ཁྲོན༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-09


ཐང་བོད་དམག་དཔུང་ཚོའི་ཁྲག་ནག་གི་ས་ཁྲས
ཇ་རྟའི་ཚོང་ལམ་གྱི་ཐིགས་སྣེ་ཐོག་མར་དྲངས་སོང་སྐད
 
བདེན་རྫུན་ཚུགས་ཐུབ་ཀྱི་གཟི་མིག་གི་རྒྱང་རྟའི་ཁྲོད་ན
སྲིད་པ་བགྲེས་པོའི་ངལ་དུལ་གྱི་ལུས་རླངས
དར་མདོའི་མཁའ་དབྱིངས་ནས་རིམ་གྱིས་ཕྱོགས་བཞིར་མཆེད
 
ས་སྲོད་ཀྱི་ནམ་ཟླས་སྤྲིན་ནག་གི་གོས་སྲབ་བཀོན་དུས
ས་མཐའི་དམུ་རྒོད་ཀྱི་སྒྲུན་ཡར་གྱུར་བའི་ཅེ་སྤྱང་གི་སིག་སྒྲས
སྒལ་བའི་ཨ་ལུང་ས་ཆེན་གྱི་པང་བར་གཏད་པའི་ཞིང་འབྲེག་ཚོའི་ལྷིང་འཇགས་དཀྲོགས
 
རྒྱུ་ལམ་གྱི་གྲོག་རོང་གི་གཟེར་ངོས་དག་ན
རང་བྱུང་གི་བཟའ་དཏུང་འཇོ་བའི་ལྷུན་ཆགས་ཀྱི་ལྟད་མོ་འགྲིག་ཀྱང
འཚོ་གནས་གཏན་འཇགས་བྲལ་བའི་ཇག་རྐུན་གྱི་ངོ་གདོང་ཧྲིལ་བོར
ཁམས་རྫོང་ཆེན་བཅོ་བརྒྱད་ཀྱི་ཕོ་རྒོད་ཚོའི་གཅིན་དམར་གྱི་རྔུལ་ཆུ་བརྟན
 
བགྲང་བྱའི་སྒྱོགས་ཆེན་གྱི་འགད་རྫས་ཐང་མར་བརྡལ་ཤུལ་ནས
ཨ་ཤུ་རེ་ཁོ   འུ་ལག་རི་བོའི་འཚར་སའི་གནས་མལ་དག་ན
མྱི་གསོན་པོ་རོ་ཤི་བོའི་ཕུང་བོ་རྫོགས་མེད་ཅིག
དུས་ཀྱི་སྟབས་ཁར་འགྲིག་སྟེ་ད་སོ་མར་སྐྱེས་ཀྱིན་ཡོད་ཨང
         ༢༠༡༡.༨.༢༦

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འུ་ལག་རི་བོའི་མིག་ཆུ།

2011-09-09 འབའ་གངས་སྲས།༼ཟི་ཁྲོན༽ ཀློག་གྲངས། མཆན ཡོད།


ཐང་བོད་དམག་དཔུང་ཚོའི་ཁྲག་ནག་གི་ས་ཁྲས
ཇ་རྟའི་ཚོང་ལམ་གྱི་ཐིགས་སྣེ་ཐོག་མར་དྲངས་སོང་སྐད
 
བདེན་རྫུན་ཚུགས་ཐུབ་ཀྱི་གཟི་མིག་གི་རྒྱང་རྟའི་ཁྲོད་ན
སྲིད་པ་བགྲེས་པོའི་ངལ་དུལ་གྱི་ལུས་རླངས
དར་མདོའི་མཁའ་དབྱིངས་ནས་རིམ་གྱིས་ཕྱོགས་བཞིར་མཆེད
 
ས་སྲོད་ཀྱི་ནམ་ཟླས་སྤྲིན་ནག་གི་གོས་སྲབ་བཀོན་དུས
ས་མཐའི་དམུ་རྒོད་ཀྱི་སྒྲུན་ཡར་གྱུར་བའི་ཅེ་སྤྱང་གི་སིག་སྒྲས
སྒལ་བའི་ཨ་ལུང་ས་ཆེན་གྱི་པང་བར་གཏད་པའི་ཞིང་འབྲེག་ཚོའི་ལྷིང་འཇགས་དཀྲོགས
 
རྒྱུ་ལམ་གྱི་གྲོག་རོང་གི་གཟེར་ངོས་དག་ན
རང་བྱུང་གི་བཟའ་དཏུང་འཇོ་བའི་ལྷུན་ཆགས་ཀྱི་ལྟད་མོ་འགྲིག་ཀྱང
འཚོ་གནས་གཏན་འཇགས་བྲལ་བའི་ཇག་རྐུན་གྱི་ངོ་གདོང་ཧྲིལ་བོར
ཁམས་རྫོང་ཆེན་བཅོ་བརྒྱད་ཀྱི་ཕོ་རྒོད་ཚོའི་གཅིན་དམར་གྱི་རྔུལ་ཆུ་བརྟན
 
བགྲང་བྱའི་སྒྱོགས་ཆེན་གྱི་འགད་རྫས་ཐང་མར་བརྡལ་ཤུལ་ནས
ཨ་ཤུ་རེ་ཁོ   འུ་ལག་རི་བོའི་འཚར་སའི་གནས་མལ་དག་ན
མྱི་གསོན་པོ་རོ་ཤི་བོའི་ཕུང་བོ་རྫོགས་མེད་ཅིག
དུས་ཀྱི་སྟབས་ཁར་འགྲིག་སྟེ་ད་སོ་མར་སྐྱེས་ཀྱིན་ཡོད་ཨང
         ༢༠༡༡.༨.༢༦

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།