མཚུངས་པ་གསལ་བྱེད་མེད་པའི་སྙན་ངག་ཅིག

མཐའ་ཀླས་པའི་ནམ་མཁའ་འདི
ལག་མཐིལ་དུ་ཡོད་པའི་དབང་དུ་བྱས་ན
གཟི་འོད་ལམ་ལམ་འཕྲོ་བའི་རྒྱུ་སྐར་ཚོགས
སྟོང་ཁམས་འདིའི་རྒྱན་དུ་རུང་བའི་རྨི་ལམ་དངོས་ཤིག་ཡིན་ལ
རྒྱ་ཡན་དུ་གྱུར་བའི་སྤྲིན་དཀར་གྱི་རྒྱུ་སྟངས
བདག་གིས  མཚར་སྡུག་མངའ་བའི་ཆུ་ཐིགས་ཤིག་དུ་བརྫིས་ནས
འཇའ་ཚོན་ཁོ་ནའི་ལམ་བུ་ཞིག་བསྐྲུན་ངེས
 
འོན་ཀྱང  མཚན་མོའི་མེ་ཕུང་ཁྲོད་སྐོར་བྲོ་འཁྲབ་པའི
གར་སྟབས་སྣ་ཚོགས་ཀྱི་སྟངས་སྟབས་ལས
གསོན་ཤུགས་མེད་པའི་ཕྱི་ཤུན་གྱི་སྤྲོ་སྐྱིད་ཅིག་མངོན་ཡོང་ལ
འདུ་འཛོམས་འདིའི་ཕྱི་ནང་གང་རུང་ལ་གཞིགས་ན
དམིགས་བསལ་གྱི་སྤྲོ་ཚོགས་འདི་ནི
ཟློས་གར་མཁན་དེའི་སྤར་གོང་ན་རྩེན་པའི་སྤོ་ལོ་ཞིག་ཡིན་པས
བདག་གིས་མགོ་བོ་དགྱེ་དགྱེ་ངང
སུ་ལའང་ངོ་བསྟོད་དང་སྤྲོ་འཛུམ་སྟོན་མ་བསམ
 
དུས་ཚོད་ནི་དམིགས་བསལ་མེད་པའི་རྣོ་ངར་གྱི་རལ་གྲི་ཞིག་ཡིན་པས
རང་བྱུང་གི་ལྟེབ་གཉེར་ཁྲོད་ལུས་པའི
སྐྱི་གཡའ་བའི་རྡུལ་ཕྲན་གྱི་ན་བུན་འཐིབས་དུས
བདག་ལ་ཆེས་མཁོ་བའི་གསར་འགྱུར་དག
སྙིང་ཉེ་བའི་ཨ་འཇོག་གི་ཟུར་ཙམ་ནས་ཀྱང
ལྐོག་ལབ་ཅིག་ཀྱང་བགྱི་མི་རུང་ལ
ལྷ་ཚོགས་ཀྱིས་བསྐོར་བའི་དག་ཞིང་འདི
སྲིད་པའི་གསང་གནས་གཞན་ཞིག་གམ
མིག་ཟུང་གཞན་དབང་དུ་བསྩལ་ཚར་བའི
ཨ་ཕོ་སུ་ཞིག་གི་སློང་གཟེད་ཡིན་ནམ
 
དེ་རིང  ཕྱོགས་དང་ཕྱོགས་མཚམས་ནས
གནམ་ས་ལ་བདེན་ལུགས་ཀྱི་མེ་འོད་འབར་ཞིང
གུ་ཡངས་ཀྱི་བདུད་རྩི་འབབ་དུས
ཉེ་འཁོར་ན་རྒྱུ་བའི་ཉམ་ཐག་པའི་སྲིན་འབུ་འདི་དག་གིས་ཀྱང
དགའ་སྐྱིད་ཀྱི་རེ་འབོད་གཏོང་གིན
ཚེ་སྲོག་གི་རིན་འབབ་ལ  དོན་དངོས་ཀྱི་རྩིས་ཐང་སྤྲོད་ཀྱིན་འདུག
 
ཡིན་ཡང   བདག་གི་མགོ་བོ་སྙི་དྲགས་པས
ཁ་གཏད་དུ་འགྲེང་བའི་རི་བོ་འདི་མཁྲེགས་གཟུགས་སུ་གྲུབ་ལ
སྟུག་དྲགས་པའི་གྲིབ་ཡོལ་གྱིས
ལྗང་ནེམ་ནེམ་གྱི་རྒྱ་མཚོའི་རླབས་ཤུགས་རེག་མ་ཐུབ
དེ་བས  གནམ་སའི་མི་ཐེག་པའི་བདག་གི་རྨི་ལམ
བསྐལ་བ་འདིའི་སྐལ་བར་གདམས་པའི
བདེན་ལུགས་ལ་གསེར་རྩི་ཆགས་མ་ཐུབ་པའི
འོས་འགན་ཁྲག་ལ་གཏར་བའི
སྙིང་རྗེ་བའི་སྲིན་འབུ་མེ་ལྕེབས་དེ་མ་ཡིན་ནམ
 
                                       ༢༠༡༡་༠༨་༢༧ཉིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚུངས་པ་གསལ་བྱེད་མེད་པའི་སྙན་ངག་ཅིག

2011-09-08 ཏཱ་ནི་སྨྱུ་གུ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།