བརྩེ་བ་ཞིག་དང་ལག་འཇུས་གློད་ཚུལ།

                ༡
ཉི་ཐིགས་སྒེའུ་ཁུང་གི་གཟི་འོད་འཕྲོག་པའི་གཤེད་མར་བློན་པ་ནས་བཟུང
གྱང་རོ་དང་དུད་དྲེག་ཆགས་པའི་གདུང་མ་དག
ས་གཞི་འདིའི་བླ་རུ་འབྱར་བའི་འཇག་རྩྭ་ཉག་མ་རེ་རེའི་སྐྱེས་བ་བླངས་པ
རྒས་རྒྱུ་མེད་པའི་རྒྱབ་རི་དང་ཡོ་རྒྱུ་མེད་པའི་ཉག་གའི་ལྭ་ཙེ་མ་གཏོགས
རྒན་མོ་ཆ་སེ་དེས་མི་རྟོགས་ལ་རྒད་པོ་ལྐོང་མ་དེས་མི་མཁྱེན
                  ༢
བྱ་ཚང་དྲོད་ཀྱིས་བསྐྱིལ་ལ་ཉེ་བའི་ཆེས་མཐའ་མཇུག་གི་དགོང་མོ་དེར
ལོ་ཟླ་ལ་མཛའ་གླུ་རེ་ལེན་ཞོར
སྡེར་མོ་དང་མཆི་ཏོས་རེ་འབྲས་ཤིག་སྨིན་པར་ཤི་འཐམ་རོ་འཐམ་བྱས་པ
མ་བསམ་ས་ནས
བྱིའུ་ཁྲ་ཡིས་བཟས་པའི་འཁོན་ལན་དུ་སེམས་ནས
དུངས་པ་དང་འདང་བརྩེར་འཐིམས་པའི་ཆུ་མོའི་བཞུར་རྒྱུན
མྱ་ངམ་ཐང་གི་དམྱལ་འཕྲང་དུ་སྤྱུགས


ཁོད་མི་ཡངས་པའི་གྲམ་གཞུང་འདིར
ཤོང་རྒྱུ་མེད་པའི་བརྩེ་བ་ཞིག་སེམས་སུ་བསྣམས་ནས
རི་མཐོ་ས་གཙང་གི་ཡུལ་གྲུ་ཞིག་གམ
དུངས་ཞེན་རྣལ་མ་ཞིག་གི་སེམས་འདུན་གླུ་རུ་ལེན་ཞོར
མེ་ཏོག་ལ་དུངས་པའི་བརྩེ་སེམས་སྤྲིན་པ་དང་སྡེབ་ནས་ཁྱེད་ཀྱི་རྒྱབ་རིའི་ཟོམ་དུ་འཁྱིལ་འདོད་ཀྱང
རི་ལ་གནས་པའི་སྲུང་མ་རྒན་མོ་དེས
རི་བོ་དང་ཆུ་མོའི་བར་ཐག་འདོམས་གྱིས་བཅད་ནས
ང་རྒྱང་རིང་རྒྱང་རིང་གི་མཁའ་མཐའ་ན་འཚེར་བའི
གྲང་འདར་རྒྱག་གིན་པའི་སྐར་མ་མིང་མེད་དེའི་རྣམ་ཤེས་སུ་བཞེངས
                                           ༢༠༡༡  ༧   ༢༥ཉིན་ཕ་ཡུལ་མདོ་སྨད་གཅན་ཚ་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་བ་ཞིག་དང་ལག་འཇུས་གློད་ཚུལ།

2011-09-05 སེང་ཆེན། ཀློག་གྲངས། མཆན ཡོད།

                ༡
ཉི་ཐིགས་སྒེའུ་ཁུང་གི་གཟི་འོད་འཕྲོག་པའི་གཤེད་མར་བློན་པ་ནས་བཟུང
གྱང་རོ་དང་དུད་དྲེག་ཆགས་པའི་གདུང་མ་དག
ས་གཞི་འདིའི་བླ་རུ་འབྱར་བའི་འཇག་རྩྭ་ཉག་མ་རེ་རེའི་སྐྱེས་བ་བླངས་པ
རྒས་རྒྱུ་མེད་པའི་རྒྱབ་རི་དང་ཡོ་རྒྱུ་མེད་པའི་ཉག་གའི་ལྭ་ཙེ་མ་གཏོགས
རྒན་མོ་ཆ་སེ་དེས་མི་རྟོགས་ལ་རྒད་པོ་ལྐོང་མ་དེས་མི་མཁྱེན
                  ༢
བྱ་ཚང་དྲོད་ཀྱིས་བསྐྱིལ་ལ་ཉེ་བའི་ཆེས་མཐའ་མཇུག་གི་དགོང་མོ་དེར
ལོ་ཟླ་ལ་མཛའ་གླུ་རེ་ལེན་ཞོར
སྡེར་མོ་དང་མཆི་ཏོས་རེ་འབྲས་ཤིག་སྨིན་པར་ཤི་འཐམ་རོ་འཐམ་བྱས་པ
མ་བསམ་ས་ནས
བྱིའུ་ཁྲ་ཡིས་བཟས་པའི་འཁོན་ལན་དུ་སེམས་ནས
དུངས་པ་དང་འདང་བརྩེར་འཐིམས་པའི་ཆུ་མོའི་བཞུར་རྒྱུན
མྱ་ངམ་ཐང་གི་དམྱལ་འཕྲང་དུ་སྤྱུགས


ཁོད་མི་ཡངས་པའི་གྲམ་གཞུང་འདིར
ཤོང་རྒྱུ་མེད་པའི་བརྩེ་བ་ཞིག་སེམས་སུ་བསྣམས་ནས
རི་མཐོ་ས་གཙང་གི་ཡུལ་གྲུ་ཞིག་གམ
དུངས་ཞེན་རྣལ་མ་ཞིག་གི་སེམས་འདུན་གླུ་རུ་ལེན་ཞོར
མེ་ཏོག་ལ་དུངས་པའི་བརྩེ་སེམས་སྤྲིན་པ་དང་སྡེབ་ནས་ཁྱེད་ཀྱི་རྒྱབ་རིའི་ཟོམ་དུ་འཁྱིལ་འདོད་ཀྱང
རི་ལ་གནས་པའི་སྲུང་མ་རྒན་མོ་དེས
རི་བོ་དང་ཆུ་མོའི་བར་ཐག་འདོམས་གྱིས་བཅད་ནས
ང་རྒྱང་རིང་རྒྱང་རིང་གི་མཁའ་མཐའ་ན་འཚེར་བའི
གྲང་འདར་རྒྱག་གིན་པའི་སྐར་མ་མིང་མེད་དེའི་རྣམ་ཤེས་སུ་བཞེངས
                                           ༢༠༡༡  ༧   ༢༥ཉིན་ཕ་ཡུལ་མདོ་སྨད་གཅན་ཚ་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།