ཨོ་ཨོ་ཁོང་ཁྲོ་ལངས་ཟིན།
༡
བཞིན་རས་དམར་སོང
མགྲིན་པ་དཀྱུས་སོང
དབུགས་ཀའང་ཐུང་ལེན་བྱས་སོང
ཨོ་ཨོ་ཁོང་ཁྲོ་ལངས་ཟིན
༢
ཁ་པར་ཁ་བརྒྱབ་སོང
གཅིག་པུ་ཁེར་བུར་བསྡད་སོང
མིག་ཆུའང་མཁུར་མགོར་གཏོར་སོང
ཨོ་ཨོ་ཁོང་ཁྲོ་ལངས་ཟིན
༣
སྐད་མགོ་ཆེ་སོང
ཕྱག་རྒྱངས་བྱས་སོང
མིག་རྩའང་དམར་བོར་གྱུར་སོང
ཨོ་ཨོ ཁོང་ཁྲོ་ལངས་ཟིན
༤
ཁ་རོག་བསྡད་སོང
ངོ་གདོང་གནག་སོང
གྲག་འགུལ་ཡང་འཇགས་གེར་བུད་སོང
ཨོ་ཨོ ཁོང་ཁྲོ་ལངས་ཟིན
༥
གོམ་སྟབས་མགྱོགས་སོང
ཕྱི་མིག་མེད་སོང
ཨང་གྲངས་ཀྱང་གསུབ་སོང
ཨོ་ཨོ ཁོང་ཁྲོ་ལངས་ཟིན
༦
སྨྲ་བ་ཉུང་སོང
ཁ་ཡ་མེད་སོང
ཁ་དབུགས་ཀྱང་འཁྱག་གེར་བུད་སོང
ཨོ་ཨོ ཁོང་ཁྲོ་ལངས་ཟིན
༧
གྲིབ་གཟུགས་ཡལ་སོང
རྒྱང་ཐག་རིང་སོང
མིང་ཡང་གླེང་བ་མེད་སོང
ཨོ་ཨོ ཁོང་ཁྲོ་ལངས་ཟིན
༢༠༡༡ ༥ ༢༥
རྩོམ་ཁུངས། ངེད་དྲ་བ།