པོད་ཕྲན་གྱིས་ང་རང་བསྐྱབས་སོང་།


མཚོ་བུ་དགའ་བདེས་སྙན་ངག་ཐུང་ངུ་ཞིག་ཕྲིས་ཤིག་ཟེར་དུས་དང་།
Chelsea_Dཡིས་སེམས་པ་མ་སྐྱོ་ཟེར་དུས་སམ།
Tshegyigyalལ་འཇིག་རྟེན་འདིར་གསོན་སྙིང་མི་འདུག་ཟེར་དུས་སམ།
བདེ་ཆེན་སྒྲོལ་མས་ངུ་འདོད་ན་ངུས་ཤིག་ཟེར་དུས་སམ།
ཨ་མདོའི་ཞོག་ཁོག་གིས་དཀའ་ངལ་གང་ཞིག་ལ་འཕྲད་སོང་ངམ་ཟེར་དུས་སམ།
ཉི་མ་ལྷ་མོས་མགོ་བོ་བཏུམས་ནས་གཉིད་ཐུན་ཞིག་ལོངས་ཤིག་ཟེར་དུས་ནི།
བདག་གི་སེམས་པའི་གཙང་བོ་མཐའ་མེད་དུ་རྒྱས་ནས།
ཁ་དང་མིག་དང་སྒོ་ཀུན་ནས་འགོག་མེད་དུ་ཤོར་ལ་ཁད་ཀྱི་དུས་ཡིན།
པོད་ཕྲན་ནང་འཕྲོ་རིམ་འཕྲོར་ཐོན་པའི་སེམས་གསོ་དག་གིས།
རང་སྲོག་གཅོད་ཁ་མའི་རྣམ་ཤེས་རྟ་རྔ་འདྲ་བོ་ཕྱིར་དྲངས་སོང་བ་མིན་ན།
གློ་བུར་བའི་སྐྱོ་སྣང་འདི་ཡ་ཆུང་འདིའམ་ཁང་ཆུང་འདིར་ཤོང་ཐབས་མི་འདུག
འདི་རུ་གནས་འཆའ་བའི་རིག་པའི་བུ་ཆུང་གིས་ཀྱང་།
ཡ་ཆུང་གི་བཙན་རྫོང་གཏོར་ནས་འགྲོ་ངེས།
ཤུལ་དུ་སྐྱོ་སྣང་ཙམ་བཞག་ནས་འགྲོ་ངེས།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པོད་ཕྲན་གྱིས་ང་རང་བསྐྱབས་སོང་།

2011-08-07 འཆིང་གྲོལ། ཀློག་གྲངས། མཆན ཡོད།


མཚོ་བུ་དགའ་བདེས་སྙན་ངག་ཐུང་ངུ་ཞིག་ཕྲིས་ཤིག་ཟེར་དུས་དང་།
Chelsea_Dཡིས་སེམས་པ་མ་སྐྱོ་ཟེར་དུས་སམ།
Tshegyigyalལ་འཇིག་རྟེན་འདིར་གསོན་སྙིང་མི་འདུག་ཟེར་དུས་སམ།
བདེ་ཆེན་སྒྲོལ་མས་ངུ་འདོད་ན་ངུས་ཤིག་ཟེར་དུས་སམ།
ཨ་མདོའི་ཞོག་ཁོག་གིས་དཀའ་ངལ་གང་ཞིག་ལ་འཕྲད་སོང་ངམ་ཟེར་དུས་སམ།
ཉི་མ་ལྷ་མོས་མགོ་བོ་བཏུམས་ནས་གཉིད་ཐུན་ཞིག་ལོངས་ཤིག་ཟེར་དུས་ནི།
བདག་གི་སེམས་པའི་གཙང་བོ་མཐའ་མེད་དུ་རྒྱས་ནས།
ཁ་དང་མིག་དང་སྒོ་ཀུན་ནས་འགོག་མེད་དུ་ཤོར་ལ་ཁད་ཀྱི་དུས་ཡིན།
པོད་ཕྲན་ནང་འཕྲོ་རིམ་འཕྲོར་ཐོན་པའི་སེམས་གསོ་དག་གིས།
རང་སྲོག་གཅོད་ཁ་མའི་རྣམ་ཤེས་རྟ་རྔ་འདྲ་བོ་ཕྱིར་དྲངས་སོང་བ་མིན་ན།
གློ་བུར་བའི་སྐྱོ་སྣང་འདི་ཡ་ཆུང་འདིའམ་ཁང་ཆུང་འདིར་ཤོང་ཐབས་མི་འདུག
འདི་རུ་གནས་འཆའ་བའི་རིག་པའི་བུ་ཆུང་གིས་ཀྱང་།
ཡ་ཆུང་གི་བཙན་རྫོང་གཏོར་ནས་འགྲོ་ངེས།
ཤུལ་དུ་སྐྱོ་སྣང་ཙམ་བཞག་ནས་འགྲོ་ངེས།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།